མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་གནོད་འཚེ་སྔོན་འགོག་བཟང་བོ་བྱས་ནས་ལོ་ལེགས་འབྱུང་བར་འགན་སྲུང་བྱས།
2022.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དགུ་པའི་ཚེས་ལྔ་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   རིགས་སོ་སོའི་གནོད་འཚེ་ཡིས་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་བཟོས་པའི་ཤུགས་རྐྱེན་ལ་ནུས་ཡོད་སྒོས་ཁ་གཏད་འཇལ་ཆེད།    ཉེ་ལམ།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་གནོད་འཚེ་སྔོན་འགོག་གིས་ལོ་ལེགས་འབྱུང་བར་འགན་སྲུང་བྱེད་པ་དང་གནོད་སེལ་ནི་ཐོན་འཕར་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་མི་འདང་ས་ཁ་གསབ་དང་གཙོ་གནད་འབུར་དུ་ཐོན་པར་བྱེད་པ།    ཚན་རིག་ལ་བརྟེན་ནས་གནད་ཕིགས་བརྡར་གཅོད་དང་འཕྲལ་བསྟུན་སྔོག་འགོག་ལ་ཤུགས་སྣོན་པ།   ཧུར་ཐག་གིས་གནོད་འགོག་གནོད་སེལ་བྱ་བ་བཟང་བོར་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་སྟོབས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་ཚད་ཇེ་མང་དུ་གཏོང་བ་དང་ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བར་འགན་སྲུང་བྱས།

ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་གནམ་གཤིས་དང་འཕྲུལ་བསྟུན། ཆུ་བེད་སོགས་སྡེ་ཁག་དང་མཉམ་དུ་ཞིང་ལས་ཀྱི་ཞོད་འགོག་ཐན་འགོག་རོགས་སྐྱོབ་ཆེད་དོན་ཚན་ཆུང་བཙུགས་པ་དང་།    དུས་ངེས་མེད་དུ་གནམ་གཤིས་གནས་བབ་ལ་བརྡར་གཅོད་བྱས་ནས་བརྡ་འཕྲིན་དང་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་།     གཟའ་རེའི་གཟའ་པ་སངས་ཉིན་མ་འོངས་པའི་གཟའ་འཁོར་གཅིག་གི་གནམ་གཤིས་སྔོན་བརྡ་དང་ཟླ་ཕྱེད་རིང་གི་ཞིང་ལས་གནས་ཚུལ་གྱི་ཆ་འཕྲིན་ཡར་ཞུ་བྱེད་པའི་ལམ་ལུགས་བཙུགས་ཏེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཞིང་བ་མང་ཚོགས་ཀྱིས་ཞོད་འགོག་ཐན་འགོག་བྱ་བ་བཟང་བོར་སྒྲུབ་པར་ཁྲིད་སྟོན་བྱས།

གནོད་འཚེའི་འཕེལ་རིམ་གནས་ཚུལ་ལ་གཞིགས་ནས།   སྟོབས་ཤུགས་ཡོད་རྒུས་ཞོད་འགོག་ཐན་འགོག་བྱ་བ་སྤེལ་བའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ་དང་ཞིང་ལས་ཀྱི་གནོད་འགོག་གནོད་སེལ་བྱ་བ་དམ་འཛིན་བཟང་བོ་བྱེད་པའི་སྐོར་གྱི་བརྡ་ཐོ།   ཆར་བ་དྲག་པོ་འབབ་པའི་གནས་གཤིས་ལ་ཁ་གཏད་འཇལ་བའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ་སོགས་ཡིག་ཆ་དུས་ཐོག་ཏུ་འགྲེམས་སྤེལ་བྱས་ཏེ་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཞོད་འགོག་ཐན་འགོག་བྱ་བའི་ཐད་ཀྱི་གཙོ་གཞིའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་།   ས་ཁུལ་སོ་སོའི་གཞི་རིམ་ཚན་རྩལ་མཛུབ་སྟོན་ཞབས་ཞུ་བྱ་བའི་རུ་ཁག་རྩ་འཛུགས་བྱས་ཏེ་རང་བྱུང་གནོད་འཚེ་བརྡར་གཅོད་དང་ཞིང་ཁའི་དོ་དམ།    གནོད་འབུ་འགོག་སྲུང་སོགས་བྱ་བ་སྤེལ་ནས་ས་ཁུལ་སོ་སོའི་ཞིང་ལས་ཐད་ཀྱི་གནོད་འགོག་གནོད་སྐྱོབ་ཆུ་ཚད་ཇེ་མཐོར་བཏང་།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།