རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་གཙོ་བོའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ཐད་རྒྱབ་སྐྱོར་བྱས།
2022.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་བཙོག་བཟོ་འགོག་བཅོས་དང་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་དམའ་རུ་གཏོང་བའི་ཐད་ཀྱི2022ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཉིས་བཏང་སྟེ། ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་གཙོ་བོའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ཐད་རྒྱབ་སྐྱོར་བྱས།

ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་གཙོ་བོའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ཐད་རྒྱབ་སྐྱོར་བྱེད་པའི་ལས་གཞི་འཛུགས་སྐྲུན་བྱས་རྗེས། ཟི་ལིང་གྲོང་ཁྱེར་གྱི་ཁེ་ལས་ཐོན་ཁུངས་ཕྱིར་བསྡུ་བེད་སྤྱོད་ནུས་པ་དང་སྲ་གཟུགས་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་ནུས་པ་མཐོར་འདེགས་གཏོང་བ་དང་། ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་མ་ཟད་རོགས་འདེགས་བྱེད་ཐུབ།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་བཙུགས་པ་དང་། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱས་ལ། མཁོ་འདོན་སྣེ་དང་འཛད་སྤྱོད་སྣེ། ཐཱན་སྲ་སྒྱུར་སྣེ་བཅས་ནས་ཤུགས་མཉམ་འདོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གྲུབ་ཚུལ་གྱི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་བཏང་། ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ་བརྟན་བརླིང་ངང་སྤེལ་བ་དང་། གོ་རིམ་ལྡན་པའི་ངང་ཁྱབ་ཁོངས་གཙོ་བོའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བྱས། གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ས་ཁུལ་དང་ཁེ་ལས་ཀྱིས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་བ་དང་། ལས་གཞིའི་སྤུས་ཚད་དང་མ་དངུལ་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ། ཕན་ལྡན་མ་དངུལ་རྒྱ་བསྐྱེད་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།