ཚེས7ཉིན་ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ5བྱུང་།
2022.09.08 ཁུངས། ཀློག་གྲངས། 16

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང201པ)

2022ལོའི་ཟླ9པའི་ཚེས7ཉིན་གྱི་ཆུ་ཚོད0ནས24བར། ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ5བྱུང་ལ། ཚང་མ་གཅིག་བསྡུས་ལོགས་བཀར་ས་ཚིགས་དང་རྒྱ་བཅད་དོ་དམ་གཙོ་གནད་ཀྱི་མི་ཚོགས་ཁྲོད་ནས་ཤེས་རྟོགས་བྱུང་བ་ཡིན་ཞིང་། གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན།

གོང་བརྗོད་ནད་རྟགས་མེད་པའི་ནད་པའི་འབྲེལ་འདྲིས་དམ་ཟབ་ཅན་དག་དུས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ9པའི་ཚེས8ཉིན།