ཞིང་ཆེན་སློབ་གསོ་ཐིན་གྱིས་དགེ་རྒན་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
2022.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་དགུ་བའི་ཚེས་བརྒྱད་ཉིན། དགེ་རྒན་དུས་ཆེན་སོ་བརྒྱད་པ་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་སློབ་གསོ་ཐིན་གྱིས་དགེ་རྒན་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འཐབ་ཕྱོགས་དང་པོ་རུ་ཡོང་བའི་སློབ་གསོའི་དགེ་རྒན་མིང་གྲགས་ཅན་དང་རྐང་འཛིན་དགེ་རྒན། སློབ་གསོ་བྱ་བ་སྒྲུབ་མཁན་གྱིས་དུས་རབས་གསར་བའི་སློབ་གསོའི་ནང་དོན་དང་དགེ་རྒན་གྱི་འགན་འཁྲི་ལྷུག་པར་བརྗོད།

བཞུགས་མོལ་ཚོགས་འདུའི་སྟེང་། ལོ་ཞེ་གཅིག་ལ་དགེ་རྒན་གྱི་བྱ་བ་གཉེར་བའི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་རང་གི་མྱོང་ཚོར་ཞིག་བཤད། ང་རང་སྡོད་སའི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་མང་ཤོས་ནི་གྲངས་ཉུང་མི་རིགས་ཡིན་ལ། ང་ཚོས་སློབ་མའི་བྱ་བ་ཡོད་ཚད་གཙོ་བོར་འཛིན་པ་དང་ཉེ་འཁོར་གྱི་མི་དང་བྱ་སྤྱོད་ལ་བརྟེན་ནས་སློབ་མར་སློབ་གསོ་གཏོང་བ། རིམ་པ་བཞིན་དུ་སློབ་ཁྲིད་བཟང་བོ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་འགྲོ་བར་ཤུགས་བསྣན་ཟེར།

ཧོང་ཀྲུང་ས་ཁུལ་གྱི་མདོ་བའི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཧྲང་དབྱིན་པང་གི་སློབ་གསོའི་གཏམ་རྒྱུད་ནི་ཧ་ཅང་སྤྱི་བཏང་བ་ཞིག་ཡིན་ཡང་སེམས་འགུལ་ཐེབས་སྲིད། དགེ་རྒན་ཧྲང་དབྱིན་པང་གིས་ལོ་བཅོ་ལྔ་ལ་དགེ་རྒན་གྱི་བྱ་བ་གཉེར་བ་དང་། མོས་ཁྲིད་པའི་སློབ་མ་ཚང་མས་ལས་རིགས་དང་ཁྱབ་ཁོངས་སོ་སོ་རུ་ལང་ཚོ་ཕུལ་བ་དང་སྟོབས་ཤུགས་བཏོན་པའི་གཏམ་རྒྱུད་བརྗོད།

ད་ལོའི་དགེ་རྒན་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱས་ཏེ་མི་གསར་བ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་སྐབས་བླ་མེད་སྤྱོད་བཟང་སྦྱོང་བརྡར་བྱེད་པ་དང་། མི་ལ་སློབ་ཁྲིད་དང་གསོ་སྐྱོང་བྱེད་སྐབས་རྒྱལ་ཁབ་ཀྱི་ལས་དོན་ཆེན་པོར་གཙིགས་སུ་འཛིན་པ། འགན་འཁྲི་གསར་བ་ཁག་ཁུར་བྱེད་སྐབས་དུས་རབས་ ཀྱི་མི་གསར་བ་སྐྱེད་སྲིང་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་སྐབས་འབད་འཐབ་བརྩོན་ལེན་བྱེད་པ། སྤོབས་པ་ཆེན་པོའི་བསམ་བློའི་ཉམས་འགྱུར་དང་ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ངེས་རེད། 

བཀྲ་ཤིས་འབུམ་གྱིས་བསྒྱུར།