མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་ཞབས་ཞུའི་དུས་ཆེན་གྱི་བྱ་འགུལ་སྤེལ།
2022.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ9པའི་ཚེས9ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར། ཉེ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་ཞབས་ཞུའི་དུས་ཆེན་གྱི་བྱ་འགུལ་སྤེལ་ནས། རྒྱ་ཆེའི་ཁེ་ལས་འབྲིང་ཆུང་གིས་གཞི་གྲངས་ཅན་མྱུར་དུ་རིམ་སྤོར་བྱེད་པར་ཁྲིད་སྟོན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་སྤེལ་བའི་དུས་ཚོད་ནི་ཟླ9པའི་ཚེས1ཉིན་ནས་ཟླ9པའི་ཚེས28ཉིན་བར་ཡིན། བྱ་འགུལ་གྱི་བརྗོད་གཞི་ནི་གཞི་གྲངས་ཀྱི་ནུས་པར་བརྟེན་ནས་གསར་གཏོད་འཕེལ་རྒྱས་སུ་གཏོང་དགོས་ཞེས་པ་དེ་ཡིན་ལ། དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་ཞབས་ཞུའི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་པ་དང་། ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་ཞབས་ཞུར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁེ་ལས་འབྲིང་ཆུང་གཞི་གྲངས་ཅན་སྤོ་སྒྱུར་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་དེ་རེད། བྱ་འགུལ་ཁྲོད་དུ་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་བཅས་ཀྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུ་ཆེད་མི་ཁེ་ལས་ལ་སོང་ནས་གཞི་གྲངས་ཅན་ཞབས་ཞུའི་དགོས་མཁོར་རྒྱུས་ལོན་བྱས་པ་དང་། གཞི་གྲངས་ཅན་ཞབས་ཞུའི་སྟེགས་བུར་རང་འགུལ་གྱིས་སྦྲེལ་མཐུད་བྱས་ཏེ། ཁེ་ལས་ལ་དགོས་མཁོ་དང་དཀའ་ཁག་ཐག་གཅོད་རོགས་བྱས་པ་དང་། ཁེ་ལས་ཀྱི་གཞི་གྲངས་ཅན་ཞབས་ཞུའི་ཁྲོད་ཀྱི་དོན་དངོས་དགོས་མཁོ་གཞིར་བཟུང་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གཞི་གྲངས་ཅན་སྤོ་སྒྱུར་གྱི་ཆེད་དོན་གསོ་སྦྱོང་སྤེལ་ལ། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས་རྩ་འཛུགས་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་དངུལ་བསྡུའི་ཆེད་དོན་ཞབས་ཞུ་རྩ་འཛུགས་བྱས་ནས། ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་སྤོ་སྒྱུར་ཐད་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་གྱི་ཆུ་ཚད་ལ་ཚན་རིག་གི་དཔྱད་འཇོག་བྱས་པར་མ་ཟད་ཐག་གཅོད་ཇུས་གཞི་བཏོན་ནས། སློབ་སྦྱོང་བྱས་ཆོག་པ་དང་དཔྱད་གཞིར་བཟུང་ཆོག་པའི་ཕུལ་བྱུང་དཔེ་གཞི་སོགས་ཀྱི་བྱེད་ཐབས་གྲུབ་པར་བྱས། མཇུག་མཐར་གཞི་གྲངས་ཅན་ཁེ་ལས་སུ་འཇུག་པའི་ཞབས་ཞུ་དང་། གཞི་གྲངས་ཅན་གྱི་སྤོ་སྒྱུར་གསོ་སྦྱོང་། གཞི་གྲངས་ཅན་གྱི་སྦྲེལ་མཐུད་ཞབས་ཞུ། གཞི་གྲངས་ཅན་སྤོ་སྒྱུར་ཞབས་ཞུ་དང་གཞི་གྲངས་ཅན་དངུལ་བསྡུའི་ཆེད་དོན་ཞབས་ཞུའི་བྱ་འགུལ་སོགས་སྤེལ།

བྱ་འགུལ་ཁྲོད་དུ་གྲོང་ཁྱེར་དང་ཁུལ་སོ་སོས་ཁེ་ལས་འབྲིང་ཆུང་གི་གཞི་གྲངས་ཅན་ཞབས་ཞུ་བྱ་བའི་གཅིག་གྱུར་བཀོད་འདོམས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རིམས་ནད་འགོག་སྡོམ་གྱི་བླང་བྱར་ཟུང་སྦྲེལ་བྱེད་པ། དྲ་ལམ་དང་ཡུལ་དངོས་ནས་སྦྲེལ་མཐུད་བྱེད་པ། ཁྱད་ཆོས་ཅན་གྱི་ཆེད་དོན་བྱ་འགུལ་སྤེལ་བ་སོགས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལས་རིགས་མཐུན་ཚོགས། ཞབས་ཞུའི་ལས་ཁུངས་སོགས་གཞི་གྲངས་ཅན་ཞབས་ཞུའི་དུས་ཆེན་གྱི་བྱ་འགུལ་ཁྲོད་ཧུར་ཐག་གིས་ཞུགས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།