མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་ཀྱིས་ཉིན་བརྒྱའི་གཙང་སེལ་འགུལ་སྐྱོད་ཅེས་པའི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྐྱོང་སྤེལ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
2022.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ9པའི་ཚེས7ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྲིད་སྤྱི་ཁབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བྱེད་ཐབས་ནུས་ལྡན་བཅོ་ལྔ་ཞེས་པ་ལག་བསྟར་ནན་མོ་བྱས་ཏེ། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་བཟོ་ཚོང་ལས་རིགས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་ཉིན་བརྒྱའི་གཙང་སེལ་འགུལ་སྐྱོད་ཅེས་པ་བཀོད་སྒྲིག་བྱས་ཏེ། བཟོ་ཚོང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། བཟོ་ཚོང་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གཏན་འཇགས་གནས་བབ་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས།

ཉིན་བརྒྱའི་གཙང་སེལ་འགུལ་སྐྱོད་ཅེས་པ་སྤེལ་རྗེས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་འཕྲལ་བསྟུད་དོ་དམ་སྡེ་ཁག་གིས་རྣོ་ལྕགས་དང་ཧ་ཡང་ལས་སྣོན་དང་། ཐལ་རྡུལ་འགས་གཏོར་དང་འབྲེལ་བའི་ཁེ་ལས་རིགས་གསུམ་གྱི་གྲངས་ཀ་བླངས་ཏེ་ཞིབ་བཤེར་བྱས་པ་དང་། ཁེ་ལས་ཀྱིས་རྣོ་ལྕགས་དང་འབྲེལ་བའི་དོན་ཚན་བརྒྱད་དང་། ཧ་ཡང་དང་འབྲེལ་བའི་དོན་ཚན་བདུན། ཐལ་རྡུལ་དང་འབྲེལ་བའི་དོན་ཚན་དྲུག་བཅས་ཀྱི་གཙོ་གནད་བཅོས་སྐྱོང་དོན་དག་ལ་དམིགས་ཏེ་རང་བཤེར་རང་བཅོས་བྱེད་དུ་བཅུག རྫོང་རིམ་པའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཆེད་དོན་ཞིབ་བཤེར་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཡུལ་གཞན་ནས་བསྣོལ་མར་ཞིབ་བཤེར་བྱེད་པ། ཞིང་ཆེན་རིམ་པས་ཆེད་དོན་ལྟ་ཞིབ་དང་ཆེད་མཁས་པའི་ཞབས་འདེགས་ཞུ་བ་བཅས་ཀྱི་ཐབས་ལམ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་རྣོ་ལྕགས་ཁེ་ལས་གཅིག་དང་། ཧ་ཡང་ལས་སྣོན་ཁེ་ལས་བཅུ་བཞི། ཐལ་རྡུལ་འགས་གཏོར་དང་འབྲེལ་བའི་ཁེ་ལས་སོ་བདུན་བཅས་ལ་ཡོངས་སུ་ཞིབ་བཤེར་དང་གྲལ་བཤེར་བྱས། ཟླ9པའི་ཚེས5ཉིན། ཞིང་ཆེན་ཡོངས་སུ་བསྡོམས་པས་གནད་དོན་དང་རྐྱེན་ངན་བཞི་བརྒྱ་དང་ཉེར་བརྒྱད་ཞིབ་བཤེར་བྱས་ཏེ་རྙེད་པ་དང་། ཡོངས་རྫོགས་གཙང་སེལ་བྱས་པས། དག་ཐེར་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། རྣོ་ལྕགས་དང་ཧ་ཡང་ལས་སྣོན། ཐལ་རྡུལ་འགས་གཏོར་དང་འབྲེལ་བའི་ཁེ་ལས་སུ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་གཅིག་ཀྱང་མ་བྱུང་བར་ཉིན་བརྒྱའི་གཙང་སེལ་འགུལ་སྐྱོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།