རང་ཞིང་གིས་ཤུགས་ཆེན་པོས་གླིང་ཁུལ་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་བྱ་བར་སྐུལ་འདེད་བཏང་།
2022.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

གླིང་ཁུལ་གྱི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ཁུངས་ནུས་ཁུངས་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་ཆེད། རང་ཞིང་གིས་གླིང་ཁུལ་འཁོར་རྒྱུག་ཅན་སྒྱུར་བཀོད་བྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་རྣམ་པར་བསྒྱུར་བ་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་བྱ་བ་གཙོ་བོར་བཟུང་སྟེ། གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། རང་ཞིང་གིས་གཏན་ལ་ཕབ་པའི་སྒྱུར་བཀོད་དམིགས་འབེན་ལྟར། རང་ཞིང་གི་ཞིང་ཆེན་རིམ་པ་ཡན་གྱི་གླིང་ཁུལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ནང་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་ལས་འགན་ཚང་མང་ཡོངས་འགྲུབ་བྱེད་པ་དང་། འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་ལས་གཞི་གཙོ་བོ་ཉིས་བརྒྱ་ལྷག་ལག་བསྟར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་སྒྲིག་བཟོ་བྱས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་གླིང་ཁུལ་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་ལག་བསྟར་ཇུས་གཞིའི་ཞིང་ཆེན་ཡོངས་ཀྱི་གླིང་ཁུལ་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་བྱ་བ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། སྒྱུར་བཀོད་དམིགས་འབེན་ལྟར། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་ཡན་གྱི་གླིང་ཁུལ་བཅོ་ལྔ་ཡིས་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་བྱ་བའི་ལས་འགན་ཚང་མ་ཡོངས་འགྲུབ་བྱེད་རྒྱུ་རེད།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་སོགས་ལས་ཁུངས་དང་མཐུན་སྦྱོར་རྗེས་འདེད་བྱས་ཏེ་གླིང་ཁུལ་སོ་སོས་ལག་བསྟར་ཇུས་གཞི་དངོས་འབེབས་བྱེད་པ་དང་། དུས་ཐོག་ཏུ་རྩ་འཛུགས་བྱས་ཏེ་གླིང་ཁུལ་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་གྲུབ་འབྲས་ལ་དཔྱད་འཇོག་དང་ཞིབ་བཤེར་ཚད་ལེན་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་ཞིང་ཆེན་ཡོངས་ཀྱི་གླིང་ཁུལ་འཁོར་རྒྱུག་ཅན་གྱི་བསྒྱུར་བཀོད་བྱ་བར་སྐུལ་འདེད་གཏོང་རྒྱུ་རེད།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།