ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱིས་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ་དང་དམངས་ཚིས་འགན་སྲུང་བྱས་ནས་གོ་རིམ་ལྡན་པའི་ངང་ལས་ཐོན་སླར་གསོ་བྱས།
2022.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་པའི་ཚེས་བརྒྱད་ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། མཁར་ནུབ་ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་བཟོ་ལས་ཆ་འཕྲིན་ཅན་ཅུའུ་ཡིས་རང་ཉིད་ཀྱི་འགན་འཁྲི་ལ་རྐང་བཙུགས་པ་དང་། གཙོ་གནད་འབུར་དུ་ཐོན་པ་དང་སྔོན་དུ་ཞབས་འདེགས་ཞུས་ལ། བརྟན་བརླིང་ངང་ལས་ཐོན་སླར་གསོ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་དམ་འཛིན་བྱེད་པ་དང་གཉིས་ཀར་དལ་འགོར་མི་བྱེད་པ། སྐུལ་འདེད་གཏོང་བར་ཁག་ཐེག་བྱས།

མཁར་ནུབ་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་རིམས་ནད་འགོག་སྡོམ་གྱི་འབྲེལ་ཡོད་རེ་བ་ལྟར། གཅིག་འདོམས་སྒོས་མི་སྣ་ཁོངས་གཏོགས་ས་ཁུལ་གྱི་ཚོང་ར་དང་སྣ་འཛོམས་ཚོང་ཁང་བཀོད་སྒྲིག་བྱས་ནས། ཁོངས་གཏོགས་ས་ཁུལ་གྱི་ལས་རིགས་གཙོ་བོ་སླར་གསོ་བྱེད་པ་དང་རིམས་ནད་འགོག་སྡོམ་བྱེད་པ། བདེ་འཇགས་ཐོན་སྐྱེད་སོགས་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་རིགས་མི་འདྲ་བའི་ཕྱོགས་བསྡུས་ཚོང་ར་སྣ་ཚོགས་དང་ཚོང་ར་གཙོ་བོ་སོགས་ཀྱི་བཤེར་རིས་གཉིས་དང་ཉིང་སྐྱུར་མཇུག་འབྲས་གདགས་གཤིས་ཡིན་པའི་བདེན་དཔང་ལ་ཞིབ་དཔྱད་བྱེད་པ། བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་པ། དུག་སེལ་སྲུང་སྐྱོབ་སོགས་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱས་པ་མ་ཟད། ཚོང་ར་དང་ཚོང་ཁང་གིས་མི་འདུ་རུབ་བྱེད་དུས་དུས་ཚོད་བསྣོལ་བ་དང་མི་གྲངས་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་པར་སྐུལ་འདེད་བཏང་སྟེ། བདེ་འཇགས་དང་གོ་རིམ་ལྡན་པའི་ངང་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཁག་ཐེག་བྱས།

རིམས་ནད་འགོག་སྡོམ་བྱེད་པའི་རྨང་གཞིའི་སྟེང་། སྟོབས་ཤུགས་ཡོད་རྒུས་ལས་གཞི་གཙོ་བོའི་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་བཏང་། མིག་སྔར། སྲིད་གཞུང་གི་དངུལ་གཏོང་ལས་གཞི་རེ་དྲུག་ལས་ལས་གཞི་ཞེ་བརྒྱད་ལག་བསྟར་སླར་གསོ་བྱས་ནས། སླར་གསོ་བྱེད་ཚད་བརྒྱ་ཆེའི་དོན་དྲུག་ལ་སླེབས། རིགས་སྣ་མི་འདྲ་བ་བདུན་གྱི་དམངས་ཚིས་དོན་དངོས་ལས་གཞི་ཉི་ཤུ་ལས་ལས་གཞི་བཅོ་བརྒྱད་སླར་གསོ་བྱས་ཏེ། སླར་གསོ་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ལ་སླེབས། ཝུན་ཡོན་སློབ་ཆུང་འཛུགས་སྐྲུན་ལས་གཞི་ལས། སློབ་ཁྲིད་ཐོག་ཁང་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དང་། ད་ལྟ་སྤེལ་བཞིན་པའི་ཁང་ཕྱིའི་ལྗང་བསྒྱུར་དང་གྱང་ར་སོགས་མཇུག་བསྡུ་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས།

རིན་ཆེན་མཚོས་བསྒྱུར།