མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་སེལ་འགུལ་སྐྱོད་སྤེལ།
2022.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དགུ་པའི་ཚེས་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་སེལ་འགུལ་སྐྱོད་སྤེལ་ནས། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་བཅོས་བསྒྱུར་དང་བུད་མེད་དང་བུད་མེད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། དུས་རབས་གསར་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་གཙོ་ཐིག་ཏུ་བྱས་པ་དང་། མཛངས་མས་སེམས་པ་ཏང་ལ་ཕྱོགས་ནས་འཐབ་ལམ་གསར་བར་འབད་འཐབ་བྱེད་པའི་བརྗོད་དོན་ལ་དམ་དུ་དམིགས་ནས། བྱ་འགུལ་བརྒྱ་ཡིས་དམངས་སེམས་གཅིག་ཏུ་བསྡུ་བ་དང་སྔོན་ཐོན་བརྒྱ་ཡིས་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། བུད་མེད་ས་ཡའི་སེམས་པ་ཏང་ལ་ཕྱོགས་པའི་ནང་དོན་གཙོ་བོ་རུ་བྱས་པའི་བརྒྱ་གཅིག་གསུམ་གྱི་བྱ་འགུལ་སྤེལ་ལ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་སྔོན་ཐོན་དཔེ་ལེགས་ཅན་ལ་དད་གུས་ཞུས་ནས་བྱ་དགའ་གཞི་རིམ་ལ་སྐྱེལ་བའི་བྱ་འགུལ་སྤེལ་ནས། རྒྱ་ཆེའི་བུད་མེད་ཀྱིས་འཐབ་ལམ་གསར་བའི་ནང་འབད་འཐབ་བྱེད་པར་སྐུལ་སློང་བཏང་། ༢༠༢༠ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གོང་འོག་མཉམ་འབྲེལ་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ནས་སྒྲོག་འགྲེལ་བྱ་འགུལ་ཐེངས་བཞི་བརྒྱ་དང་རེ་གཅིག་སྤེལ་ནས། ཁྱིམ་ཚང་གི་གཏམ་རྒྱུད་དང་བུད་མེད་དཔའ་བོའི་གཏམ་རྒྱུད། མཚོ་སྔོན་གྱི་གཏམ་རྒྱུད་བཤད། ཁྱབ་ཁོངས་གསར་བ་དང་རིམ་པ་གསར་བ། ལས་རྣམ་གསར་བ། ཚོགས་ཁག་གསར་བའི་ཁྲོད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ནུས་པ་ཇེ་ཆེར་བཏང་། མཚོ་ཤར་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཕྱིའི་འཐེན་ཐུག་ལས་རིགས་སུ། དྲ་ཐོག་བུད་མེད་ཀྱི་ཁྱིམ་ཚང་བཙུགས་པ་མ་ཟད། དཔའ་ལུང་རྫོང་གི་སུའུ་ཀྲིག་ཏུ་སྡོད་པའི་འཐེན་ཐུག་དཔལ་འབྱོར་ཞབས་ཞུ་གཞུང་སྒྲུབ་ཁང་དུ་མཚོ་ཤར་ནས་ཡིན་པའི་ཞིང་བ་ཞོར་ལས་པའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་བྱ་བའི་ས་ཚིགས་ཐོག་མ་བཙུགས་ཏེ། ཕྱིར་ཞོར་ལས་བྱེད་པར་སོང་བའི་བུད་མེད་བྱ་བའི་ཆེས་མཐའ་མཇུག་གི་བྱ་བ་ཐག་གཅོད་བྱས།

དེ་དང་མཉམ་དུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་བུད་མེད་བྱིས་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་བཙུགས་པ་དང་། མ་དངུལ་སྒོར་བྱེ་བ་གཉིས་གྲབས་གསོག་བྱས་ནས། ཨ་མའི་བདེ་ཐངས་རླངས་འཁོར་དང་གཉོར་སྐྱོང་བྱེད་མཁན་མེད་པའི་དྭ་ཕྲུག་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས། མཁར་གྲོང་དབུལ་ཕོངས་བུད་མེད་ཀྱི་འབྲས་སྐྲན་གཉིས་ཀྱི་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ནས། ༢༠༢༠ལོའི་ཚུན་དུ། ནད་བྱུང་བའི་བུད་མེད་བརྒྱད་བརྒྱ་དང་སོ་གསུམ་ལ་རོགས་སྐྱོར་བྱས། ཟི་ལིང་གྲོང་ཁྱེར་གྱིས་བུད་མེད་ཀྱི་གཞུང་དོན་གྲོས་མོལ་བྱ་བ་སྤེལ་ནས། གཞུང་དོན་གྲོས་མོལ་ཚོགས་པ་སྟོང་གཅིག་དང་བརྒྱ་བཙུགས་ཏེ། རྒྱ་ཆེའི་བུད་མེད་མང་ཚོགས་རང་འགུལ་སྒོས་གཞུང་དོན་གྲོས་མོལ་ཁྲོད་ཞུགས་པ་དང་རང་འགུལ་སྒོས་ཁེ་དབང་སྲུང་སྐྱོབ་དང་གྲོས་མོལ་བྱེད་པའི་བརྩོན་སེམས་མཐོར་འདེགས་བཏང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་གྱི་ནུས་པ་འདོན་སྤེལ་བྱས་ནས། ཐོན་ཁུངས་མཉམ་བསྲེས་བྱས་པ་དང་། བྱ་བ་སྤེལ་ཡུན་རྒྱུན་བསྲིང་བ། བུད་མེད་བྱ་བའི་ཁེབས་ཚད་རྒྱ་སྐྱེད། དེ་དང་མཉམ་དུ། ཏང་འཛུགས་ཀྱིས་མང་ཚོགས་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་དང་། བྱ་བའི་རྨང་གཞི་བརྟན་པ་དང་སྣེ་ཁྲིད་ནུས་པ་ཆེ་བ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ཚོ་དང་གྲོང་གསེབ། སྡེ་བ་དང་གཞིས་ཁུལ་གྱི་མང་ཚོགས་ཚོགས་པའི་བྱ་བའི་དཔེ་སྟོན་བྱེད་ས་འཛུགས་པར་དོ་སྣང་བྱས།

རིན་ཆེན་མཚོས་བསྒྱུར།