ཏང་གིས་དམངས་ཆེན་བྱ་བར་མགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། 
2022.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་གཞི་རྩའི་ཁག་ཐེག་ཡིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ནན་ཏན་གྱིས་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཞིར་བཟུང་སྟེ། ནན་ཏན་གྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་རྩ་འཛུགས་ལམ་ཐིག་དངོས་འབེབས་བྱེད་པ་དང་། དུས་ལྟར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་གཏན་འབེབས་བྱས་ཏེ་བཏོན་པ་དང་། ཏང་གི་འཛུགས་སྐྲུན་ཁྲིད་སྟོན་དུ་བྱས་ཏེ་ཟོལ་མེད་ཀྱིས་དུས་རབས་གསར་བའི་དམངས་ཆེན་བྱ་བ་དང་དམངས་ཆེན་གྱི་འཛུགས་སྐྲུན་དེ་བབ་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། 

བསམ་འཆར་དེར་བསྡོམས་པས་ཁག་བདུན་དང་དོན་ཚན་ཉི་ཤུ་ཡོད་ཅིང་། ཕྱོགས་ཡོངས་ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་ཤིང་། ཇེ་དྲག་ཏུ་གཏོང་བ་བདུན་ལ་རྐང་བཙུགས་པ་དང་། ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྒྲིག་ལམ། བྱ་སྤྱོད་བཅས་ཀྱི་འཛུགས་སྐྲུན་དང་། ལམ་ལུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་བརྟེན་ནས། ལམ་ལུགས་བཀོད་སྒྲིག་དང་རེ་བ་གསལ་བོ་བཏོན་ཡོད་ལ། ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། དངོས་བཀོལ་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཡོད། 

བསམ་འཆར་དེར་སློབ་སྦྱོང་ལག་ལེན་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ཞིང་། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་དང་ཁྱད་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་དུས་རབས་གསར་བར་ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ། ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་གཏན་འཇགས་ངང་བཞིན་ཇེ་དྲག་ཏུ་བཏང་སྟེ། རང་འགུལ་གྱིས་ཏང་གི་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ལག་ལེན་ཁྲོད་ནས་རང་སྟེང་གི་ཆབ་སྲིད་རེ་འདུན་དང་ཆབ་སྲིད་ནུས་པར་སྦྱོང་བརྡར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀླད་པ་གསལ་བོ་སྲུང་འཛིན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་གོ་རྟོགས་མཐོ་བའི་མི་ཞིག་བྱེད་དགོས་ལ། ཧུར་ཐག་སྒོས་སྔར་ལས་ལྷག་པའི་ཆབ་སྲིད་ཚད་གཞི་དང་སྔར་ལས་གཟབ་ནན་གྱི་ཏང་གཤིས་རེ་བ། སྔར་ལས་བཟང་བའི་བྱ་སྤྱོད་ལེགས་པོ་བཅས་ཀྱིས་ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་རང་རྟོགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ལས་ཁུངས་ཤིག་དང་། མི་དམངས་ཀྱིས་བདག་པོ་བྱེད་པར་ཁག་ཐེག་བྱེད་པའི་རྒྱལ་ཁབ་ཀྱི་དབང་ཤུགས་ལས་ཁུངས་ཤིག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་སྣ་ཚོགས་ཕྱོགས་ཡོངས་ནས་ཁག་ཁུར་བྱེད་པའི་བྱ་བའི་ལས་ཁུངས་ཤིག ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་བར་འབྲེལ་འདྲིས་དམ་ཟབ་བྱེད་པའི་འཐུས་ཚབ་ལས་ཁུངས་ཤིག་ཏུ་འགྱུར་བར་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།