མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རྣམ་པ་གསར་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་ཕལ་ཆེར་གྲུབ་ཡོད།
2022.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་གཙོར་འཛིན་པ་དང་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རྣམ་པ་གསར་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་ཕལ་ཆེར་གྲུབ་ཡོད།

རྒྱལ་ཁབ་སྤྱི་གླིང་འཛུགས་པ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་གསར་སྐྲུན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པ་ཡིད་ལ་དམ་པོར་བཅངས་ཤིང་། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་དང་དུ་བླངས་པ་དང་། ཧུར་ཐག་སྒོས་འཚོལ་ཞིབ་དང་སྤོབས་པ་ཆེན་པོས་གསར་སྐྲུན་བྱས་པ་དང་ཁྱོན་ཡོངས་ལ་སྐུལ་འདེད་བཏང་བས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་སུ་ཐོག་དང་པོར་ཆོག་མཆན་བཀོད་པ་དང་ཨང་རིམ་དང་པོ་ཡིན་ལ། གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཡིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་སྒྲིག་སྲོལ་ཚོད་ལྟའི་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་། ཚད་ལྡན་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་ཆ་ཚང་ཞིག་བཙུགས་པ་དང་། ཕྱོགས་བསྡུས་ཁྲིམས་སྐྱོང་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བའི་རྐྱེན་སྲོལ་གཉིས་ལག་བསྟར་བྱས་ལ། འཆར་འགོད་མ་ལག་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་སོགས་འདེགས་ཤུགས་མ་ལག་དགུའི་བྱ་བའི་རྣམ་པ་གསར་སྐྲུན་བྱས་ནས། སྤྱི་གླིང་དངོས་སུ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་གསར་སྐྲུན་བྱ་བར་རྒྱལ་ཁབ་ཀྱིས་དངོས་སུ་ཆོག་མཆན་བཀོད་པ་དང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་དུས་སྐབས་སྔོན་གྱི་བྱ་བ་བདེ་བླག་ངང་སྒྲུབ་བཞིན་ཡོད་པ་དང་། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་ཀྱི་འཛུགས་སྐྲུན་བྱ་བ་གང་ལེགས་སྒོས་སྒྲུབ་བཞིན་ཡོད།

                                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།