ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། འཛམ་གླིང་གིས་སའི་གོ་ལར་གཙང་དག་བྱེད་པའི་ཉིན་མོ་སླེབས་ལ་ཉེ་བའི་དུས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། གུང་ཧོ་རྫོང་བཅས་ཀྱིས་མཉམ་འབྲེལ་སྒོས་ལྗོངས་རྒྱུ་ས་ཆས་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་གནས་སྐོར་མིང་བྱང་འཛུགས་པ་དང་མཚོ་སྔོན་པོར་གཙང་སྦྲ་བྱེད་པ་བརྗོད་སྙིང་དུ་བྱས་པའི2022ལོའི་སྟོན་དགུན་དུས་ཀྱི་མཚོ་སྔོན་པོའི་གནས་སྐོར་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ལྗོངས་རྒྱུ་ས་ཆའི་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་སྤེལ་ནས། བསྡོམས་པས་ལས་ཁུངས་སུམ་བརྒྱ་དང་ང་གསུམ་རྩ་འཛུགས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲི་གཅིག་དང་སྟོང་གསུམ་བཞི་བརྒྱ་གྱ་གཉིས་སྐུལ་སློང་བྱས་ཏེ། གད་སྙིགས་ཏུན་ཉིས་བརྒྱ་དང་གོ་གསུམ་ལྷག་གཙང་དག་བྱས།
བྱ་འགུལ་སྐབས་སུ། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བའི་ལས་བྱེད་པ་དང་མང་ཚོགས། མཚོ་སྔོན་པོའི་དོ་དམ་ཅུའུ་ཡི་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ། ཁུལ་ཁོངས་ནང་གི་གཞུང་ལམ་ལོགས་གཉིས་དང་ཆུ་རྐ ནགས་ས་དང་རྩྭ་ས། གནས་སྐོར་ལྗོངས་རྒྱུ་ཁུལ། སྡེ་བའི་མཐའ་འཁོར་སོགས་ཁུལ་ཁོངས་གཙོ་བོ་ནས་ལྗོངས་རྒྱུ་ས་ཆའི་མཉམ་འབྲེལ་ཁྲིམས་འཛིན་དང་ཁོར་ཡུག་གཙང་སྦྲ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བཅས་ཀྱི་བྱ་འགུལ་སྤེལ་ནས། མཚོ་སྔོན་པོའི་གནས་སྐོར་ཐད་ཀྱི་སྣང་ཚུལ་མི་བཟང་བ་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་བླངས་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་།
དེ་དང་མཉམ་དུ། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་འཛིན་མི་སྣ་བརྒྱ་དང་སུམ་ཅུ་སྐོང་འཐེན་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་འཛིན་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྐོར་ལྷོ་འགྲམ་གྱི་གནས་སྐོར་ཚོང་ར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་ལྷག་ལུས་མེད་པའི་ཁྲིམས་འཛིན་ཞིབ་བཤེར་སྤེལ་ནས། ཁྲིམས་འགལ་ཚོང་གཉེར་སྤྱོད་ཚུལ་དག་ཐེར་བཅོས་སྐྱོང་བྱས་པ་དང་། མཚོ་ལྷོའི་མཚོ་སྐོར་ས་ཁུལ་གྱི་མི་སྒེར་གྱིས་བཙུགས་པའི་ལྗོངས་རྒྱུ་ཁུལ་བཅོས་སྐྱོང་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་རྒྱ་བསྐྱེད་དེ། གནས་སྐོར་ཐད་ཀྱི་བཙོག་རྙོག་སྣང་ཚུལ་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།