ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། རྨ་ལྷོ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པར་དམིགས་ཏེ། ནུས་ལྡན་བཅུ་ཡི་བྱ་བའི་བྱེད་ཐབས་ལག་བསྟར་བྱས་ཤིང་། ཕྱོགས་བསྡུས་ཇུས་བསྟར་བྱས་པ་དང་། གྲོང་གསེབ་དར་སྤེལ་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དེ་རྒྱུན་མཐུད་སྒོས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་ནུས་ལྡན་སྦྲེལ་མཐུད་དང་མཐུན་སྦྱོར་སྒོས་ཤུགས་འདོན་པ་མངོན་འགྱུར་བྱས།
བྱེད་ཐབས་དེ་དག་གི་ནང་དུ་ཁེ་ལས་གཙོ་བོ་དང་མཉམ་ལས་ཁང་། རོང་འབྲོག་ཁྱིམ་ཚང་གི་མཉམ་འབྲེལ་ཕྱུག་སྒྱུར་རྐྱེན་སྲོལ་འཛུགས་པ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བར་རོགས་སྐྱོར་བྱེད་པ། དབུལ་ཐར་མང་ཚོགས་ལ་སྣེ་ཁྲིད་དེ་ལས་ཞུགས་ཀྱི་རྣམ་པར་བརྟེན་ནས་ཡོང་སྒོ་ཇེ་མང་དུ་གཏོང་བ། ཤུགས་ཆེན་པོས་གྲོང་གསེབ་ཐོན་ལས་ལག་བསྟར་བྱས་ནས་བཟོ་སྐྲུན་མཐོར་འདེགས་སུ་གཏོང་བ། འབྲེལ་མཐུད་མ་དངུལ་དངོས་འབེབས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཐད་ལ་བརྒྱ་ཆའི་ང་ལྔ་ཡན་གྱི་མ་དངུལ་བཀོལ་སྤྱོད་བྱེད་པ་སོགས་འདུ། མིག་སྔར། བསྡོམས་པས་ནོར་སྲིད་ཀྱིས་བཏང་བའི་སྦྲེལ་མཐུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་གསུམ་དངོས་འབེབས་བྱས་པ་དང་། ལས་གཞི་བརྒྱ་དང་དགུའི་མ་དངུལ་སྦྲེལ་མཐུད་ལག་བསྟར་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།