རྟ་ཐང་རྫོང་གིས་བརྒྱད་པའི་བཅོ་བརྒྱད་ཉིན་ཆུ་ལོག་བརྒྱུགས་ཏེ་ཞིང་སའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་སླར་གསོ་བྱེད་པའི་ལས་གཞི་ཉེ་ལམ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས།
2022.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་བརྒྱད་པའི་བཅོ་བརྒྱད་ཉིན་ཆུ་ལོག་བརྒྱུགས་ཏེ་ཞིང་སའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་སླར་གསོ་བྱེད་པའི་ལས་གཞི་ཉེ་ལམ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཞིང་སའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་སླར་གསོ་བྱེད་པའི་ལས་གཞི་དེ་རྟ་ཐང་རྫོང་གི་ཡུལ་ཚོ་དང་གྲོང་བརྡལ་དྲུག་ལ་འབྲེལ་བ་ཡོད་ལ། ལས་གཞི་དེར་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་གཏོང་དགོས་པ་དང་། དེའི་ནང་དུ་ཞིང་ཁའི་གཞུང་ལམ་སླར་གསོ་བཟོ་སྐྲུན་དང་ཞིང་ཚིགས་ལས་པ་དང་ཞིང་ས་ཁོད་སྙོམས་བྱེད་པའི་བཟོ་སྐྲུན། ཞིང་ཁའི་ཆུ་རྐ་སླར་གསོ་བཟོ་སྐྲུན་བཅས་འདུ།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྟ་ཐང་རྫོང་དུ་བསྟུད་མར་ཆར་བ་དྲག་པོ་བབས་ཏེ་ཆུ་ལོག་བརྒྱུགས་པ་དང་རི་ཉིལ་ནས། རྟ་ཐང་རྫོང་གི་ཆིན་ཧྲན་དང་ཆིན་ལིན། ཅི་ལི། ཧྲི་ཧྲན། ཐ་ཨར་སོགས་ཡུལ་ཚོ་དང་གྲོང་རྡལ་དྲུག་གི་སྡེ་བ་སོ་གཅིག་གི་ཞིང་སའི་རྨང་གཞིའི་སྒྲིག་ཆས་ལ་ཚད་མི་འདྲ་བའི་གཏོར་བརླག་བྱས་པ་དང་། དཔལ་འབྱོར་གྱི་གྱོང་གུན་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་ཐེབས། གནོད་འཚེ་བྱུང་རྗེས། རྟ་ཐང་རྫོང་ཞིང་ལས་ཞིང་སྡེ་ཅུའུ་ཡིས་སྔ་མོ་ནས་བཀོད་སྒྲིག་དང་སྔ་མོ་ནས་ལག་བསྟར་བྱས་པ་དང་། དུས་ཐོག་ཏུ་མི་སྣ་རྩ་འཛུགས་བྱས་ཏེ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་པར་མ་ཟད་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་སྦྲེལ་མཐུད་བྱས་ཏེ་མ་དངུལ་དངོས་འབེབས་བྱས་པ་དང་། ཧུར་ཐག་སྒོས་གནོད་ཐེབས་རྗེས་ཀྱི་ཞིང་སའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་ནས། གནོད་ཐེབས་ཞིང་ཁྱིམ་གྱིས་རྒྱུན་ལྡན་སྒོས་ཞིང་ལས་ཐོན་སྐྱེད་གཉེར་བ་ཁག་ཐེག་བྱས།

ཞིང་སའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད།  སླར་གསོ་དང་འཐུས་ཚང་དུ་བཏང་རྗེས་ཀྱི་ལས་གཞི་ས་ཁུལ་དེ་འཕྲུལ་ཆས་ཅན་གྱི་ཞིང་ལས་ཐོན་སྐྱེད་དང་སྔར་ལས་འཚམ་པ་དང་། ནུས་ལྡན་སྒོས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་གྲོན་ཆུང་བྱེད་པ། ཞིང་ལས་ཐོན་སྐྱེད་ཐད་ལ་གནོད་འཚེ་ཐེབས་པའི་གྱོང་གུན་ཇེ་ཉུང་དུ་གཏོང་བ། གནོད་ཐེབས་ས་ཁུལ་གྱི་ཞིང་ཁྱིམ་གྱི་རྒྱུན་ལྡན་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱེད་པ། ཞིང་སའི་གནོད་འཚེ་འགོག་པའི་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་བརྟན་འཇགས་འཕེལ་རྒྱས་འགན་སྲུང་བྱེད་ངེས་རེད།

                                                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།