མཚོ་སྔོན་ཞིང་ཆེན་གྱིས2022ལོའི་སྟོན་ཀའི་ལས་མི་བསྡུ་བའི་ཟླ་བའི་ཆེད་དོན་བྱ་འགུལ་སྤེལ།
2022.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་ཟླ་དགུ་པའི་ཟླ་དཀྱིལ་ནས་ཟླ་བཅུ་པའི་ཟླ་དཀྱིལ་བར་དུ་ལས་མི་བསྡུ་བའི་ལས་ཞུགས་བརྗོད་སྙིང་དུ་བྱས་པའི2022ལོའི་སྟོན་ཀའི་ལས་མི་བསྡུ་བའི་ཟླ་བའི་བྱ་འགུལ་སྤེལ་ནས། ཁེ་ལས་ཀྱིས་ལས་བཟོ་བ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་མི་ཚོགས་ཀྱིས་ལས་ཞུགས་བཟང་བོར་བྱེད་པར་རོགས་འདེགས་བྱེད་པ། མི་ཤུགས་ཐོན་ཁུངས་ཀྱི་མཁོ་འདོན་ཆ་སྡེབས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་སྐབས་སུ། མི་ཚོགས་གཙོ་བོའི་ལས་ཞུགས་ཐད་རོགས་འདེགས་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ་དང་སློབ་མཐར་ཕྱིན་ཡང་ལས་ཞུགས་བྱེད་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་འདོད་བློ་དང་རྩལ་ནུས་གསོ་སྦྱོང་དགོས་མཁོ་ལ་བརྟག་བཤེར་གསལོ་བྱེད་པ། ལས་ཞུགས་རོགས་སྐྱོར་ཐད་ཀྱི་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ། ཞབས་ཞུ་སྒོ་ཁར་སྐྱེལ་བའི་འགུལ་སྐྱོད་རྒྱ་ཆེར་སྤེལ་བ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་འོས་འཚམ་གྱི་ལས་རྐང་ངོ་སྤྲོད་བྱེད་པ་བཅས་བྱེད་རྒྱུ་ཡིན་པ་མ་ཟད། དུས་མཉམ་དུ་སྲིད་ཇུས་བློ་འདྲི་དང་ལས་རིགས་མཛུབ་ཁྲིད་སོགས་ཞབས་ཞུ་སྤེལ་རྒྱུ་ཡིན་ལ། ཉིན་གང་བོའི་དྲ་ཐོག་མི་བསྡུ་ཞབས་ཞུ་སྤེལ་བ་དང་། རིགས་བགར་ཚགས་འདེམས་བྱས་ནས་མི་ཚོགས་གཙོ་བོའི་མི་བསྡུ་ལས་རྐང་ཆ་འཕྲིན་གྱི་གསལ་ཕྲ་གྲུབ་པར་བྱེད་པ། ལས་ཞུགས་ལས་སྐྲུན་སྲིད་ཇུས་དྲིལ་སྒྲོག་དང་ཁྱད་ལྡན་ཆེད་དོན་མི་བསྡུ། ལས་འཚོལ་ལོ་རྒྱུས་མདོར་བསྡུས་སྐྱེལ་བ་སོགས་ཀྱི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས། ས་ཚིགས་གཅིག་ཅན་གྱི་མི་བསྡུ་ལས་འཚོལ་ཞབས་ཞུ་སྟེགས་བུ་འཛུགས་རྒྱུ་ཡིན་པ་དང་། རིམས་ནད་འགོག་སྡོམ་དང་གཏན་འཇགས་ལས་ཞུགས་བྱེད་པའི་བྱ་བའི་རེ་བར་གཅིག་འདོམས་བྱེད་པ་དང་། དྲ་ཐོག་དང་ཡུལ་དངོས་གཉིས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། ས་བབ་དང་བསྟུན་ནས་ཡུལ་དངོས་ཀྱི་མི་བསྡུ་བྱ་འགུལ་རྩ་འཛུགས་བྱེད་པ། ལུགས་དང་མཐུན་པའི་སྒོ་ནས་ཡུལ་དངོས་ཀྱི་མིའི་གྲངས་ཀར་ཚོད་འཛིན་བྱེད་པ། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། མི་བསྡུ་བྱ་འགུལ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་བསྡུ་བར་ཁག་ཐེག་བྱེད་རྒྱུ་རེད།

དེ་དང་མཉམ་དུ། བྱ་འགུལ་སྐབས་སུ་ད་དུང་ཐོན་ལས་ར་བའི་ཁུལ་གྱི་ཁེ་ལས་གཙོ་བོར་སོང་ནས། ཁེ་ལས་ཀྱི་ལས་བཟོ་བའི་གྲངས་ཀ་དང་མི་མེད་པའི་ལས་རྐང་གི་གྲུབ་ཚུལ། མི་བསྡུའི་འདོད་བློ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཁེ་ལས་གཙོ་བོའི་མི་བཀོལ་དགོས་མཁོ་གསལ་ཁྲ་འཛུགས་པ་དང་། ཁེ་ལས་གཙོ་བོའི་མི་བསྡུ་ཁུལ་འཛུགས་པ། ཁེ་ལས་གཙོ་བོའི་ལས་རྐང་ཆ་འཕྲིན་གཙོ་བྱས་ནས་བསྒྲགས་པ་བཅས་བྱེད་རྒྱུ་ཡིན་པ་དང་། སྟོན་ཀར་ཁེ་ལས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ནས། དམངས་གཉེར་ཁེ་ལས་སུ་འགྲོ་བ་དང་། རང་འགུལ་གྱིས་ཁེ་ལས་ཀྱི་མི་བཀོལ་ཆེད་དོན་མཛུབ་སྟོན་སྤེལ་བ། རོགས་སྐྱོར་སྲིད་ཇུས་དྲིལ་སྒྲོག་ངོ་སྤྲོད་ལ་ཤུགས་སྣོན་པ། ལས་སྒྲུབ་རྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱིས་དུས་ཐོག་ཏུ་ཁ་གསར་མ་དངུལ་སྣ་ཚོགས་ཀྱི་སྙན་ཞུ་འབུལ་བ་དང་ལོངས་སྤྱོད་བྱེད་པར་རོགས་སྐྱོར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།