ཉེ་ལམ། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་གོ་རིམ་ལྡན་ཞིང་ནུས་ལྡན་སྒོས་མི་སྣ་བཀོད་གཏོང་དང་འཕྲུལ་ཆས་ཀྱི་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་རིམས་འགོག་དང་སྟོན་བསྡུ་བྱ་བ་བཟང་བོར་བསྒྲུབས།
རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་བསྡོམས་པས་ཞིང་ལས་འཕྲུལ་ཆས་སྟོང་གཅིག་བཀོད་སྒྲིག་བྱས་ཡོད། དེའི་ནང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཉིས་བརྒྱ་དང་འདྲུད་འཐེན་འཁོར་ལོ་བདུན་བརྒྱ། འཕྲུལ་འཁོར་གཞན་པ་བརྒྱ་བཅས་ཡོད་པ་དང་། སྟོན་བསྡུའི་ཞིབ་བཤེར་མཛུབ་སྟོན་དང་ཐོན་སྐྱེད་ལག་རྩལ་ཞབས་ཞུའི་ཚན་ཆུང་རྩ་འཛུགས་བྱས་ཏེ་སོ་སོར་ཡུས་ཧྲུའུ་དང་ཁྲི་འདུ། འབྲི་སྟོད་སོགས་སུ་སོང་ནས་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་བརྒྱུད་དེ་ས་གནས་ཀྱིས་སྟོན་བསྡུ་བྱ་བ་སྤེལ་བར་མཛུབ་སྟོན་བྱས།
མིག་སྔའི་བར། ཁུལ་ཡོངས་སུ་བསྡོམས་པས་ནས་སྤྱི་ཆིངས་སྟོང་བདུན་དང་དྲུག་བརྒྱ་དང་སྣུམ་ཚལ་སྤྱི་ཆིངས་སུམ་བརྒྱ་སོ་གསུམ། སྔོ་ཚལ་སྤྱི་ཆིངས་སུམ་བརྒྱ། ཡུག་པོ་སྤྱི་ཆིངས་སྟོང་གསུམ་དང་བརྒྱད་བརྒྱ་བསྡུ་རུབ་བྱས་པ་དང་ཞིང་སའི་འདེབས་འཛུགས་རྒྱ་ཁྱོན་གྱི་བརྒྱ་ཆའི་བརྒྱད་ཅུ་ཟིན།
ལྷ་མོ་ཚེ་རིང་གིས་བསྒྱུར།