ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གིས2022ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ཀྱི་ལྟ་སྐུལ་མཛུབ་སྟོན་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་ཀྲུའུ་རིན་གཞོན་པ་དང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ། ཚན་གཙོ་གཞོན་པ། འབྲེལ་འདྲིས་པ་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་རྒྱུ་ནི། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཡིན། འབྲེལ་ཡོད་གཏན་ཁེལ་ལྟར། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་སྒྲུབ་ཁང་གིས་འགོ་ཁྲིད་དེ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅུ་བཙུགས་ནས། སོ་སོར་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཁོངས་གཏོགས་སྡེ་ཁག་སོ་སོར་སོང་ནས་ལྟ་སྐུལ་མཛུབ་སྟོན་སྤེལ་བ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ལ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་ཞིབ་བཤེར་ཡང་ཡིན། དམིགས་འབེན་གཙོ་བོ་ནི་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཁོངས་གཏོགས་སྡེ་ཁག་སོ་སོས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བའི་ཐད་ཀྱི་ཞན་ཆ་དང་མི་འདང་སར་རྒྱུས་ལོན་གསལ་བོ་བྱེད་པ་དང་། དཀའ་གནད་ཐག་བཅད་དེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོ་བ་དང་སྤུས་ཚད་སྔར་ལས་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་སོ་སོས་ལྟ་སྐུལ་མཛུབ་སྟོན་བྱ་བའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཆབ་སྲིད་ཀྱི་ལངས་གནས་དང་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་། ཁག་ཁུར་གྱི་སྙིང་སྟོབས་ཆེན་པོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་བཟང་བོས་སྟོབས་ཤུགས་གནད་དོན་འཚོལ་བ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་པའི་སྟེང་བཀོལ་བ། གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་དང་ཕན་འབྲས་བརྩོན་ལེན་བྱེད་པའི་སྟེང་ཤུགས་འདོན་པ། བྱ་བའི་ཁྲོད་གནད་དོན་དང་ཞན་ཆ་འཚོལ་བ་དང་། ལག་བསྟར་ངོས་ཐད་ཀྱི་གནད་དོན་འཚོལ་བ་མ་ཟད། བྱ་བའི་ཁྲོད་ཀྱི་ཞན་ཆ་དང་མི་འདང་ས་བཙལ་ནས། ཧུར་ཐག་གིས་གནད་དོན་གསལ་བོར་འཚོལ་དགོས། དེ་དང་མཉམ་དུ། གཞི་རིམ་གྱི་གསར་གཏོད་ཉམས་མྱོང་ལ་དོ་སྣང་བྱེད་པ་དང་། ཁྱད་ཆོས་སྔོག་འདོན་བྱེད་པ་དང་ཉམས་མྱོང་བྱེད་ཐབས་ལ་དབྱེ་ཞིབ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།