མཚོ་སྔོན་གྱིས་ཚོགས་ཆེན་ཉི་ཤུ་དགའ་བས་བསུ། སྐྱོད་ལམ་གསར་བར་འབད་པས་བསྐྱོད་ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འགྲེམ་བཤམ་འཁྲབ་སྟོན་བྱ་འགུལ་སྤེལ།
2022.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

མཚོ་སྔོན་གྱི་ཉེ་བའི་ལོ་འདི་འགའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཀྱི་གྲུབ་འབྲས་གསལ་སྟོན་དང་། རིག་གནས་བྱ་འགུལ་གྱི་ནང་དོན་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ཆེད། ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཚོགས་ཆེན་ཉི་ཤུ་དགའ་བས་བསུ་སྐྱོད་ལམ་གསར་བར་འབད་པས་བསྐྱོད་ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འགྲེམ་བཤམ་འཁྲབ་སྟོན་བྱ་འགུལ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་དང་ཕུལ་བྱུང་རིག་རྩལ་གྱ་ནོམ་པ་འདོན་སྤྲོད་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། འགྲེམ་བཤམ་འཁྲབ་སྟོན་བྱ་འགུལ་གྱིས་ཉེ་བའི་ལོ་འདི་དག་ལ་རང་ཞིང་གིས་བརྩམས་པའི་གར་སྟེགས་ཟློས་གར་དང་། དངོས་བཤུས་གློག་བརྙན། རིག་གནས་སྐོར་གྱི་ལེ་ཚན། རྒྱང་སྒྲོག་ཟློས་གར་དང་གླུ་དབྱངས་སོགས་ཕུལ་བྱུང་རིག་རྩལ་བརྩམས་ཆོས་སྐོར་ཞིག་རྩ་འཛུགས་བྱས་ཏེ། མཚོ་སྔོན་ཟློས་གར་ཁང་གི་དྲ་ཐོག་ཟློས་གར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་ལམ་སོ་སོ་ནས་རིམ་པ་བཞིན་གཏོང་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ།  ཆེད་ལས་རིག་རྩལ་གླིང་ཚོགས་ཀྱི་ཕུལ་བྱུང་གར་སྟེགས་ཟློས་གར་ལེ་ཚན་གྱི་སྐུད་ལམ་འཁྲབ་སྟོན་བྱ་འགུལ་ཁྲོད་དུ་ཉེ་བའི་ལོ་འདི་དག་རིང་རང་ཞིང་གི་རིམ་པ་སོ་སོའི་ཆེད་ལས་རིག་རྩལ་གླིང་ཚོགས་ཀྱི་བརྩམས་ཆོས་བདམས་ཐོན་བྱུང་བ་ལ་སྐྱེ་ཁམས་བྲོ་གར《གཙང་བོ་ཆེན་པོའི་མགོ་ཁུངས》དང་། མི་རིགས་བྲོ་གར《ཐང་ཀ》། བོད་ཀྱི་རྣམ་ཐར་ཟློས་གར《ཡིད་འཕྲོག་ལྷ་མོ》སོགས་དངོས་ཡོད་དང་གསར་བརྗེ། ལོ་རྒྱུས་བཅས་བརྗོད་བྱ་བྱས་པའི་ཟློས་གར་བཅོ་ལྔ་ཡོད་ལ།  དེས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་རྣམས་ཏང་གི་མགོ་ཁྲིད་འོག་ཏུ་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་ཕྱོགས་ཡོངས་ནས་བསྐྲུན་པའི་ཡིད་འགུག་འཚོ་བ་དང་ལག་ལེན་ཡོངས་སུ་མངོན་ཡོད་ལ། སྒྱུ་རྩལ་ལས་མཛེས་པའི་མཚོ་སྔོན་གྱི་གསར་གཏོད་འཕེལ་རྒྱས་དང་འགྱུར་ལྡོག་མངོན་ཡོད། ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ནས་ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན་བར། མཚོ་སྔོན་ཟློས་གར་ཁང་གི་དྲ་ཐོག་ཟློས་གར་ཁང་ཞེས་པའི་སྟེགས་བུ་བརྒྱུད་ནས་ཉིན་གཉིས་ལ་ཟློས་གར་ལེ་ཚན་གཅིག་རེ་གཏོང་རྒྱུ་རེད།

                                                                              རིག་འཛིན་སྒྲོལ་མས་བསྒྱུར།