མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ས་ཁུལ་གསུམ་གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་གཞི་རིམ་རྩ་འཛུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ས་ཁུལ་གྱི་ཕུལ་བྱུང་ས་ཁུལ་དུ་བདམས།
2022.10.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ས་ཁུལ་གསུམ་གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་གཞི་རིམ་རྩ་འཛུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ས་ཁུལ་གྱི་ཕུལ་བྱུང་ས་ཁུལ་དུ་བདམས།

ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བརྒྱད་པར་སྤེལ་བའི་རྫོང་ཁོངས་གུང་གཞོན་ཚོགས་པ་གཞི་རིམ་རྩ་འཛུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ཁུལ་འདེམ་པའི་བྱ་བའི་ཁྲོད་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཁར་དཀྱིལ་ཁུལ་བཅས་གསུམ་བཅོས་སྒྱུར་ཚོད་ལྟ་ས་ཁུལ་གྱི་ཕུལ་བྱུང་ས་ཁུལ་དུ་བདམས་པ་དང་། བཅོས་སྒྱུར་ཚོད་ལྟའི་བྱ་བར་ཐོག་མའི་གྲུབ་འབྲས་ལོན།

2021ལོའི་རྫོང་ཁོངས་གུང་གཞོན་ཚོགས་པ་གཞི་རིམ་རྩ་འཛུགས་ཀྱི་བཅོས་སྒྱུར་ཚོད་ལྟའི་བྱ་བ་མགོ་བརྩམས་ནས་བཟུང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ནུས་ཤུགས་ཡོད་དགུས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་རྫོང་རིམ་པའི་ཚོད་ལྟ་ས་ཁུལ་དགུ་ཡི་བཅོས་སྒྱུར་བྱ་བར་སྐུལ་འདེད་བཏང་བ་དང་། གུང་གཞོན་ཚོགས་པའི་ཆབ་སྲིད་ནུས་པ་དང་སྤྱི་ཚོགས་ནུས་པ་དེ་ཚོད་ལྟའི་ས་ཁུལ་ནས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ཡོད་ལ། ཚོགས་པའི་བྱ་བའི་སྟོབས་ཤུགས་ཡོངས་ཁུངས་སྣ་གཅིག་ཅན་ནས་སྣ་མང་ཅན་དུ་སྒྱུར་བ་དང་། གཞི་རིམ་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱི་སྒྲིག་གཞི་དང་འཁོར་སྐྱོད་བྱེད་ཐབས་སླ་བཅོས་ནས་སྣ་མང་དུ་སྒྱུར་བ། གུང་གཞོན་ཚོགས་པའི་ཚོགས་མི་ཡོངས་གྱི་འཕེལ་རྒྱས་དང་སློབ་གསོའི་དོ་དམ་ཡོངས་ཁེབས་ནས་སྤུས་ཚད་མཐོན་པོར་སྒྱུར་བ། ས་གནས་ཏང་གི་མགོ་ཁྲིད་རྐྱེན་སྲོལ་དང་རྒྱབ་སྐྱོར་འགན་སྲུང་རང་འགུལ་ཅན་དུ་སྒྱུར་བ་བཅས་མངོན་འགྱུར་བྱུང་ཡོད།

ན་གཞོན་ཚོ་བཅོས་སྒྱུར་ཁྲོད་ཞུགས་ཚད་དང་ཐོབ་ཚོར་སྔར་ལས་ཇེ་མང་དུ་གཏོང་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ནུས་པ་ཤུགས་དྲག་དང་། སྤྱི་ཚོགས་ནུས་པ་གྲུབ་པ་དམིགས་འབེན་དུ་བྱས་ཏེ། ཏང་སྲིད་ཀྱིས་ཁས་ལེན་ཅིང་ན་གཞོན་ཚོ་ཡིད་ཚུམ་པ་ཚད་གཞི་རུ་བྱས་པ་དང་། བཅོས་སྒྱུར་ཟབ་མོ་བྱེད་པའི་ལས་འགན་གཙོ་བོ་དང་གཙོ་གནད་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་རྐང་འཛིན་འདེམ་བཀོལ་གྱི་དོ་དམ་རྐྱེན་སྲོལ་ལེགས་སྒྱུར་དང་། བཅོས་སྒྱུར་ཚོགས་པའི་གཞི་རིམ་རྩ་འཛུགས་སྒྲིག་གཞི།  བཅོས་སྒྱུར་ཚོགས་པའི་རྩ་འཛུགས་སྐུལ་སློང་རྐྱེན་སྲོལ་སོགས་ལེགས་སྒྱུར་བྱེད་པ་དང་། རྫོང་ཁོངས་ཀྱི་གུང་གཞོན་ཚོགས་པའི་བཅོས་སྒྱུར་ཚོགས་པ་ཡོངས་མཉམ་འབྲེལ་དམ་པོ་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། བཅོས་བསྒྱུར་དང་རྩ་འཛུགས། སློབ་གསོ་སོགས་ཀྱི་ལས་ཁུངས་དང་མཐུན་སྦྱོར་སྐུལ་འདེད་བྱ་བ་ཡག་པོར་སྒྲུབ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་གོང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་རིམ་པ་གསུམ་གྱི་མཉམ་འབྲེལ་མཉམ་ཤུགས་གྲུབ་པར་བྱས་ནས་ཚོད་ལྟ་ས་ཁུལ་གྱི་དཔེ་མཚོན་ཉམས་མྱོང་སྤྱི་སྡོམ་དང་དམ་འཛིན་ལེགས་པོ་བྱེད་པ་དང་། བཅོས་སྒྱུར་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།