རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་དཔེ་མཚོན་གྱོད་གཞིར་ཏང་འཛུགས་ཀྱིས་རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་གསར་གཏོད་ཐད་སྣེ་ཁྲིད་དང་འགན་སྲུང་བྱེད་པའི་གྱོད་གཞི་བསྡུ་རུབ་བྱ་འགུལ་གྱི་དངུལ་གྱི་རྟགས་མ་ཐོབ།
2022.10.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དགུ་པའི་ཚེས་སུམ་ཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་ཏང་འཛུགས་བྱ་བའི་མཉམ་ལས་བརྗེ་རེས་ཚོགས་འདུ་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་ཧྲན་ཏུང་ཏུང་དབྱིན་གྲོང་ཁྱེར་ནས་བསྡུས་ཏེ། ཏང་འཛུགས་ཀྱིས་རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་གསར་གཏོད་ཐད་སྣེ་ཁྲིད་དང་འགན་སྲུང་བྱེད་པའི་གྱོད་གཞིའི་དཔྱད་འཇོག་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྤྲོད་འབུལ་བྱས་པའི་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། ཧུར་ཐག་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་ལེའུ་ཞེས་པའི་གྱོད་གཞི་ལ་དངུལ་གྱི་རྟགས་མ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ཆེད། ད་ལོའི་ཟླ་བརྒྱད་པའི་ནང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་དར་ཆའི་དུས་དེབ་ཁང་དང་ཆུ་བེད་པུའུ་རྨ་ཆུའི་ཨུ་ཡོན་ལྷན་ཁང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ཏང་འཛུགས་ཀྱིས་རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་གསར་གཏོད་ཐད་སྣེ་ཁྲིད་དང་འགན་སྲུང་བྱེད་པའི་གྱོད་གཞི་བསྡུ་རུབ་བྱ་འགུལ་སྤེལ། ཐེངས་འདིའི་གྱོད་གཞི་བསྡུ་རུབ་བྱ་འགུལ་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་དང་། འབྲེལ་ཡོད་སྡེ་ཁག་གིས་ངོ་སྤྲོད་བྱས་ནས་དཔྱད་འཇོག་ཞུགས་པའི་གྱོད་གཞི་བརྒྱ་དང་གསུམ་ཁྲོད་ནས། བསྡོམས་པས་གསེར་གྱི་རྟགས་མ་ཐོབ་མཁན་བཅུ་དང་དངུལ་གྱི་རྟགས་མ་ཐོབ་མཁན་བཅུ། ཟངས་ཀྱི་རྟགས་མ་ཐོབ་མཁན་བཅུ་བདམས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ངོ་སྤྲོད་བྱས་པའི་གྱོད་གཞི་གསུམ་ལ་བྱ་དགའི་རྟགས་མ་ཐོབ།

རིན་ཆེན་མཚོས་བསྒྱུར།