ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་དུས་སྐབས་མགོ་ཚུགས།
2022.10.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དགུ་པའི་ཚེས་ཉེར་དགུ་ཉིན། ཟི་ལིང་གྲོང་ཁྱེར་གྱིས་གསལ་འདེབས་བྱས་ཏེ། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་བཟང་པོ་བྱེད་ཆེད། 2022ལོའི་ཟླ་10པའི་ཚེས1ཉིན་ནས2023ལོའི་5པའི་ཚེས་31ཉིན་བར་ཟི་ལིང་གྲོང་ཁྱེར་གྱི་ནགས་ཚལ་མེ་འགོག་དུས་སྐབས་སུ་གཏན་ཁེལ་བྱས།

ནགས་ཚལ་མེ་འགོག་དུས་སྐབས་སུ། ཟི་ལིང་གྲོང་ཁྱེར་ནགས་ཁུལ་ནས་ཕྱོགས་ཡོངས་ཀྱི་རི་ཁུལ་མེ་འགོག་ལག་བསྟར་བྱས་ཏེ། རང་དགར་རླངས་འཁོར་དང་མི་སྣ་གང་ཡིན་ནགས་ཁུལ་དུ་སོང་མི་ཆོག། མེ་སོན་དང་མེ་སྤྱོད་ཡོ་བྱད་ཁྱེར་ནས་ནགས་ཁུལ་དུ་འགྲོ་བ་ནན་འགོག་བྱེད་པ ། དུར་མཆོད་དུས་སུ་དུར་ཤོག་དང་སྤོས་སོགས་སྒྲོན་པ་དང་ཤོག་སྦགས་རྒྱག་པ་སོགས་ཐོན་སྐྱེད་རང་བཞིན་མིན་པའི་ཕྱི་རོལ་མེ་བཀོལ་བྱ་བ་གཅིག་ཀྱང་སྤེལ་མི་ཆོག ཞིང་ཁ་དང་རྩྭ་ལྡུམ་མེར་བསྲེགས་པ་སོགས་ཐོན་སྐྱེད་རང་བཞིན་གྱི་ཕྱི་རོལ་མེ་བཀོལ་བྱ་བ་ནན་འགོག་བྱེད་དགོས། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་ཡོང་ཆེད་དང་། ནགས་ཚལ་མེ་སྐྱོན་དང་འགྲིམ་འགྲུལ། བདེ་འཇགས་དང་རིམས་ནད་སོགས་འབྲེལ་ཡོད་དོན་རྐྱེན་ལ་གཡོལ་ཆེད། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་རི་འགོ་བྱ་འགུལ་མེད་པར་བཟོ་རྒྱུ་ཐག་བཅད་དེ།  ཟླ10པའི་ཚེས3ཉིན་གྱི་དུས་ཚོད་བཞི་ནས་ཟླ10པའི་ཚེས4ཉིན་གྱི་དུས་ཚོད་དགུ་བར། ཟི་ལིང་གྲོང་ཁྱེར་གྱི་སྤྱི་གླིང་དང་ལྗོངས་ཁུལ་དུ་འབྲེལ་མེད་མི་དང་རླངས་འཁོར་རི་མགོར་སོང་མི་ཆོག་ལ།  གྲོང་ཁྱེར་མི་དམངས་མཚན་མོར་རི་ལ་མི་འགོ་བ་དང་། ཤོག་སྒོར་སྒྲོན་པ་དང་ཤོག་སྦགས་རྒྱག་པ། སྤོས་སྒྲོན་པ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་གང་རུང་སྤེལ་མི་ཆོག

རིག་འཛིན་སྒྲོལ་མས་བསྒྱུར།