མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲོས་མཐུན་གཅིག་བསྡུས་སྒོས་འགོད་པའི་བྱ་འགུལ་སྤེལ། །
2022.10.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཟོ་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པའི་གྲོས་མཐུན་གཅིག་བསྡུས་སྒོས་འགོད་པའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་བསྡུས་ནས། བསྡོམས་པས་ལས་གཞི་དྲུག་ཐད་ཀྱི་གྲོས་མཐུད་བཀོད་པ་དང་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་བརྒྱད་ལ་སླེབས།

གྲོས་མཐུན་བཀོད་པའི་ལས་གཞི་དྲུག་པོ་ནི་སོ་སོར་ཀྲུང་གོ་ལེན་ཐུང་ཀུང་ཟི་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་གཞི་གྲངས་ཆེན་པོའི་ལྟེ་གནས་མཚོ་བྱང་ཁུལ་ཡན་ལག་ལྟེ་གནས་ཀྱི་ལས་གཞི་དང་། ཀྲུང་གོ་གློག་འཕྲིན་ཀུང་ཟི་མཚོ་བྱང་རིག་སྟོབས་གྲོང་ཁྱེར་དང་གྲངས་ཀའི་གྲོང་གསེབ་དང་ཐེན་དབྱི་སྤྲིན་སྲིད་དོན་འཛུགས་སྐྲུན་ལས་གཞི། ཀྲུང་གོ་དབྱི་ཏུང་ཀུང་ཟི་མཐོ་སྒང་གཞི་གྲངས་ཆེན་པོའི་ལྟེ་གནས། ཀྲུང་གོ་རྡོ་སྣུམ་ཀུང་ཟི་མཚོ་བྱང་ནུབ་མཚོ་སོགས་ལས་གཞི་ཡིན།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་གནས་བཞི་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས། མཉམ་ཤུགས་གཅིག་ཏུ་བསྡུས་པ་དང་མཉམ་འབྲེལ་སྒོས་སྤེལ་ལ། དག་གཙང་ནུས་ཁུངས་དང་ཁྱད་ལྡན་ཐོན་ལས། སྐྱེ་ཁམས་གནས་སྐོར་ལ་དོ་སྣང་བྱས་པ་དང་། ལྗང་མདོག་ཐཱན་དམའ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ཞིང་། ཁྱབ་ཁོངས་སྔར་ལས་ཆེན་པོ་དང་རྒྱང་རིང་བའི་མ་འོངས་པར་རྐང་བཙུགས་ནས་ལས་གཞི་ལ་ཞིབ་ལྟ་དང་འཆར་འགོད་བྱས་ལ། ཚོང་འགུག་དངུལ་འདྲེན་དང་ལས་གཞི་འཛུགས་སྐྲུན་དམ་འཛིན་བྱས་པ་དང་། ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོང་འོག་མཉམ་འབྲེལ་བྱེད་པར་སྐུལ་སློང་བྱས་ཏེ། ཐོན་ཁུངས་དང་སྲིད་ཇུས། ཞབས་ཞུ་སོགས་ཕྱོགས་སོ་སོ་ནས་ཀྲུང་དབྱང་གི་ཁེ་ལས་ལ་ཚད་གཞི་ཆེས་ཆེ་བའི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་མཉམ་ལས་ལས་གཞི་ལག་བསྟར་ནན་མོ་བྱས།

རིན་ཆེན་མཚོས་བསྒྱུར།