རྩ་འཛུགས་བྱ་བའི་རིག་གནས་ནི་རྩ་འཛུགས་སྡེ་ཁག་གི་སྐྱེ་སྟོབས་ཀྱི་གསོན་ཤུགས་ཡིན་ལ། རྩ་འཛུགས་བྱ་བའི་ལས་བྱེད་པས་རྒྱ་ཆེར་ཁས་ལེན་ཅིང་། རང་འགུལ་རྒྱུན་འཁྱོངས་བྱེད་པའི་རིན་ཐང་ལྟ་ཚུལ་དང་། བསམ་གཞིགས་གཏོང་སྟངས་དང་བྱེད་ཕྱོགས་ཚད་གཞི་བཅས་ཡོངས་སུ་འདུས་ཡོད། ཉེ་བའི་ལོ་འདི་འགར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་བྱ་བའི་རིག་གནས་ཀྱི་ཁྲིད་ཕྱོགས་དང་། སྐུལ་སློང་། གཅིག་བསྡུའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་པ་དང་། ལས་བྱེད་ལས་བཟོ་བས་ལས་གནས་ལ་རྐང་བཙུགས་ནས་གསར་གཏོད་སྔོན་སྐྱོད་དང་། འགན་འཁྲི་མཐའ་འཁྱོལ་ཁུར་ནས་ཕུལ་བྱུང་ནང་གནས་སྒུལ་ཤུགས་བརྩོན་ལེན་བྱེད་པར་སྐུལ་མ་བྱས་ཏེ། རྩ་འཛུགས་བྱ་བའི་རིག་གནས་སྤུས་ཚད་མཐོན་པོས་གསོ་སྐྱོང་བྱས།
པད་མ་རྫོང་གིས་སློབ་སྟོན་སློབ་གསོའི་བརྙན་རིས་ལ་བལྟ་བ་དང་། རྩ་འཛུགས་པུའུ་ཀྲང་དང་ཏང་ཀྲི་པུའུ་ཧྲུའུ་ཅིས་ཏང་གི་སློབ་ཁྲིད་བྱེད་པ། མདོག་གསུམ་པད་མའི་སྲིད་གཙང་སློབ་སྟོན་སློབ་གསོའི་རྟེན་གཞིར་ལྟ་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ལས་བྱེད་པ་དང་ལས་བཟོ་བའི་རུལ་སུངས་སྔོན་འགོག་གི་བསམ་བློའི་ཚད་མཐའ་ཇེ་བརྟན་དུ་བཏང་བ་དང་། སྤྱོད་གཙང་སྒྲིག་དམ་གྱི་ཆེད་དོན་འགུལ་སྐྱོད་ཁྲོད། པུའུ་དང་ལས་ཁུངས་ལས་བྱེད་པས་རང་སྟེང་གི་གནད་དོན་བཙལ་བ་དང་། གནད་དོན་གནས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཞིབ་མོ་བྱས་ནས་དུས་ལྟར་དག་ཐེར་བྱེད་པའི་བླང་བྱ་ནན་མོ་བཏོན། མགོ་ལོག་ཁུལ་གྱི་ཕུལ་བྱུང་སྔོན་ཐོན་མི་སྣའི་དཔེ་མཚོན་བྱས་རྗེས་ལ་སློབ་སྦྱོང་བྱས་ཏེ ། དེ་ལས་བྱེད་པ་དང་ལས་བཟོ་བའི་མིག་དཔེ་བལྟ་ས་དང་། དམིགས་འབེན་སྙེགས་ས། སྒུལ་ནུས་ཡོངས་ཁོངས་སུ་འགྱུར་བར་བྱས། ཏང་འཛུགས་ཀྱིས་འབྲེལ་འདྲིས་བཞི་དང་རྒྱུགས་ལེན་གསུམ་གྱི་བྱ་བའི་རྐྱེན་སྲོལ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ཞིང་འབྲོག་མང་ཚོགས་དང་ཉེ་བར་བཅར་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས། མང་ཚོགས་ལ་ཞབས་ཞུ་འབྲེལ་འདྲིས་བྱེད་པའི་ཁྲོད་དུ་བརྩེ་བ་ཇེ་ཟབ་དང་བྱེད་ཕྱོགས་བསྒྱུར། རིག་གནས་ལ་མཐར་ཕྱིན་དང་དོན་དག་སྒྲུབ་ན་བློ་སེམས་བདེ་བའི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། བྱ་བའི་ལས་འགན་ཁུར་ལེན་དང་བྱེད་ཕྱོགས་བཟང་པོས་མཇུག་བསྡུ་བར་བརྩོན་ལེན་བྱས། བྱེད་ཐབས་སྣ་མང་གི་རིག་རྩལ་བྱ་འགུལ་སྤེལ་བར་མཉམ་འབྲེལ་ལེགས་པོ་བྱས་ཏེ། རྩ་འཛུགས་བྱ་བའི་ལས་བྱེད་པའི་བདེ་ཐང་ཡར་ཐོན་གྱི་འཚོ་བའི་སྤྲོ་སྣང་དང་དཔུང་ཁག་སྙིང་སྟོབས་སྐྱེད་སྲིང་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།