ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་སྟེ། པད་མ་རྫོང་གི་མགོ་ཁྲིད་ལས་བྱེད་པ་འཕར་འབབ་གཉིས་ཐུབ་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལག་བསྟར་ཞིབ་སྲོལ་གཏན་འབེབས་བྱས་ཏེ་བཀྲམ་པ་དང་། ལས་བྱེད་པ་འཕར་འབབ་གཉིས་ཐུབ་ཀྱི་ཐབས་ལམ་དང་གནས་ཚུལ། བརྒྱུད་རིམ། བྱེད་ཐབས་དང་སྐུལ་སློང་འགན་སྲུང་སོགས་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་ལ། མགོ་ཁྲིད་ལས་བྱེད་ནུས་པ་ཅན་གྱི་གོ་གནས་འཕར་བ་དང་ནུས་མེད་ཀྱི་གོ་གནས་ལེན་པ། ངན་པ་འདོར་བ་བཅས་ཀྱི་བྱ་བར་སྐུད་འདེད་གཏོང་ཆེད་སྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད།
ལག་བསྟར་ཞིབ་སྲོལ་དེ་མགོ་ཁྲིད་ལས་བྱེད་པའི་གོ་གནས་ལེན་པའི་གནད་དོན་ཐག་གཅོད་པ་གཙོར་བཟུང་ནས། མིག་སྔར་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྲུན་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལས་ཁྱེར་ངལ་གསོའི་ལོ་ཚོད་རན་པ་དང་། འགན་ལེན་དུས་ཡུན་ལོངས་ནས་ལས་གནས་ལས་འབུད་པ། འགན་འཁྲི་རྩད་གཅོད་ལེགས་སྒྲིག་བྱེད་པ། ད་ལྟའི་ལས་གནས་ལ་མི་འཚམ་པ་ལེགས་སྒྲིག་བྱེད་པ། བདེ་ཐང་རྐྱེན་གྱིས་ལེགས་སྒྲིག་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱིས་གོ་གནས་ལེན་པ་སོགས་གོ་གནས་ལེན་པ་དྲུག་གི་ཐབས་ལམ་དང་གནས་ཚུལ་གསལ་བོར་བསྟན་ཡོད་ལ། ལྷག་པར་དུ་ད་ལྟའི་ལས་གནས་ལ་མི་འཚམ་པ་དང་ངེས་པར་དུ་ལེགས་སྒྲིག་བྱེད་དགོས་པའི་གནས་ཚུལ་དེ་ས་གནས་རང་གི་ཁྱད་ཆོས་དང་འདྲེས་པར་བྱས་ནས། གཞི་རྩའི་བྱེད་ཐབས་བཅུ་དྲུག་ལེགས་བཅོས་གསལ་བོ་བཏང་བ་དང་། མགོ་ཁྲིད་ལས་བྱེད་པ་གོང་འོག་གཉིས་འཕེར་བྱེད་པར་སྐུད་འདེད་གཏོང་ཆེད་ཚད་ཤིང་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།
དེ་ལས་གཞན། ལག་བསྟར་ཞིབ་སྲོལ་ལས་མགོ་ཁྲིད་ལས་བྱེད་པ་འཕར་འབབ་གཉིས་ཐུབ་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པའི་གནས་ཚུལ་ཞིབ་འདྲི་དང་ལེགས་སྒྲིག་ཐག་གཅོད། སེམས་ཁུར་གསལ་འདེབས། སློབ་གསོའི་དོ་དམ་སོགས་ཀྱི་རྣམ་པ་སྤྱད་དེ། རྩ་འཛུགས་དང་ལམ་ལུགས་འགན་སྲུང་སྟེང་འཕར་འབབ་གཉིས་ཐུབ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་། དོ་དམ་ནན་མོ་དང་སེམས་ཁུར་གཅེས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་ དང་། ཉེན་བརྡའི་སློབ་གསོ་དང་། སེམས་གཏམ་གླེང་མོལ། ཡིག་ཐོག་འདྲི་རྩད་དང་སློབ་གསོ་གཏོང་བ། མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུ་བྱེད་པ་སོགས་ཀྱི་ལམ་ལུགས་དངོས་འབེབས་ནན་མོ་བྱས་པ་བརྒྱུད། མགོ་ཁྲིད་ལས་བྱེད་པའི་ཉིན་རྒྱུན་དོ་དམ་ལ་ཤུགས་སྣོན་བྱས་པ་དང་། སེམས་གཏམ་གླེང་མོལ་དང་ཆེད་དོན་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་ལས་བྱེད་པའི་དོ་དམ་སློབ་གསོར་ཤུགས་སྣོན་བྱས་ལ། ཁོ་ཚོའི་ངོས་ཟིན་ཇེ་མཐོ་དང་ཁ་ཕྱོགས་གསལ་བོ། ནུས་པ་ཇེ་མཐོར་གཏོང་བར་རོགས་རམ་བྱས་ནས། ལས་བྱེད་པ་འཕར་འབབ་གཉིས་ཐུབ་ཀྱི་མི་འདེམ་མི་བཀོལ་བྱ་བའི་རྐྱེན་སྲོལ་གྲུབ་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།