མཚོ་སྔོན་སློབ་ཆེན་གྱི་ཚོད་ལྟ་ཁང་གསུམ་ཞིང་ལས་ཞིང་སྡེ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་གི་མིང་ཐོའི་ཁྲོད་ཚུད།
2022.10.07 ཁུངས། ཀློག་གྲངས། 13

ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས་ཞིང་ལས་ཞིང་སྡེ་པུའུ་གཙོ་གནད་ཚོད་ལྟ་ཁང་གི་འཛུགས་གཉེར་སྐོར་གྱི་མིང་ཐོའི་བརྡ་སྦྱོར་སྤེལ། མཚོ་སྔོན་སློབ་ཆེན་གྱིས་རེ་ཞུ་བྱས་པའི་ཞིང་ལས་ཞིང་སྡེ་པུའུ་མཚོ་བོད་མཐོ་སྒང་སྤུས་ལེགས་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོབ་དང་ཤུལ་བཞག་རྒྱུན་འཛིན་ལེགས་སྒྱུར་གྱི་གཙོ་གནད་ཚོད་ལྟ་ཁང་དང་། ཞིང་ལས་ཞིང་སྡེ་པུའུ་མཚོ་བོད་མཐོ་སྒང་ནོར་ལུག་གསོ་སྤེལ་གྱི་གཟན་ཆས་གཙོ་གནད་ཚོད་ལྟ་ཁང་། ཞིང་ལས་ཞིང་སྡེ་ཁུའུ་མཐོ་སྒང་ཆུ་འཁྱགས་ནང་གི་ཉ་རིགས་གསོ་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཅས་ཞིང་ལས་ཞིང་སྡེ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་གི་ཁྲོད་དུ་གདམས་ཐོན་བྱུང་།

ཐེངས་འདིར། ཞིང་ལས་ཞིང་སྡེ་པུའུ་ཡིས་གཙོ་གནད་ཚོད་ལྟ་ཁང་བརྒྱད་བཅུ་གདམས་ཐོན་བྱུང་ཞིང་། དེ་དག་ལས་མཐོ་རིམ་སློབ་ཆེན་སོ་གསུམ་གྱི་འབྲེལ་ཡོད་ཚོད་ལྟ་ཁང་བཞི་བཅུ་འདུས་ལ། མཚོ་སྔོན་སློབ་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང་གསུམ་མིང་ཐོའི་ཁྲོད་ཚུད་ནས། ཧྲན་ཞི་ཞིང་ལས་སློབ་ཆེན་དང་མཉམ་དུ་རྒྱལ་ཡོངས་ནས་ཚོད་ལྟ་ཁང་གི་རེ་ཞུ་ལ་ཆོག་མཆན་ཐོབ་པ་ཆེས་མང་པའི་མཐོ་རིམ་སློབ་ཆེན་དུ་གྱུར།  ཉེ་བའི་ལོ་འདི་དག་ལ། མཚོ་སྔོན་སློབ་ཆེན་གྱིས་རྒྱལ་ཁབ་དང་ས་གནས་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་ལ་གཞིར་བཅོལ་ལ། འབྲུ་རིགས་བདེ་འཇགས་དང་གྲོང་གསེབ་དར་སྤེལ། རྨ་ཆུའི་བཞུར་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་བཙུགས་ནས། ཐོན་སྐྱེད་ཀྱི་དོན་དངོས་རྨང་གཞི་དང་ཉེར་སྤྱོད་ཞིབ་འཇུག་གི་ཕྱོགས་དེ་མཐོ་སྒང་ས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་ལག་རྩལ་ལ་དོ་སྣང་དང་སྟེགས་བུ་གསར་སྐྲུན་བྱེད་པའི་ཁྱབ་ཚུལ་དེ་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་མཚོ་སྔོན་སློབ་ཆེན་གྱིས་སྟོབས་ཤུགས་ཕུལ།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།