རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་འཇགས་འགན་སྲུང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་གཙོ་སྙིང་དང་དམ་པོར་སྦྲེལ་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཉེན་ཁར་དོགས་ཟོན་བྱེད་པ་གཅིག་སྡུས་བྱས་པ་དང་། བྱ་བའི་ལས་གནས་གཏན་སྲུང་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་པར་མ་ཟད་བདེ་འཇགས་བརྟན་འཇགས་སྲུང་སྐྱོབ་དང་རིམས་ནད་འགོག་སྡོམ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་དང་བདེ་འཇགས་སྒྲིག་ལམ་བཟང་བར་ནུས་ལྡན་སྒོས་འགན་སྲུང་བྱས། ཟླ་བཅུ་བའི་ཚེས་བདུན་ཉིན་བར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བཀོད་འདོམས་ལྟེ་གནས་ཀྱིས་བསྡོམས་པས་རིགས་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱི་དོན་དག་སྣེ་ལེན་བྱས་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་བརྒྱད་ཇེ་དམའ་རུ་སོང་། དེའི་ནང་དུ་ཉེས་དོན་སྐོར་ནས་ཉེན་རྟོག་ཕྱོགས་ཀྱི་དོན་དག་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཇེ་དམའ་རུ་སོང་བ་དང་། བདེ་འཇགས་སྐོར་ནས་ཉེན་རྟོག་ཕྱོགས་ཀྱི་དོན་དག་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་གཅིག་ཇེ་དམའ་རུ་སོང་ལ། འགྲིམ་འགྲུལ་སྐོར་ནས་ཉེན་རྟོག་ཕྱོགས་ཀྱི་དོན་དག་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་བཞི་ཇེ་དམའ་རུ་སོང་།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འབད་འཐབ་བྱ་བའི་རྐྱེན་སྲོལ་དངོས་འབེབས་ནན་མོ་བྱས་ཏེ། སྤྱི་ཚོགས་ངོས་ཀྱི་མཐོ་རིམ་ཞབས་ཕྱི་ལག་བསྟར་བྱས་ཤིང་། འགོ་ཁྲིད་པ་གཙོ་བོས་འཐབ་ཕྱོགས་དང་པོ་རུ་བཀོད་འདོམས་བྱས་པ་དང་། ལས་གནས་སོ་སོ་རུ་ལས་རེས་གཏན་སྲུང་བྱས་པར་མ་ཟད་གཟབ་ནན་དང་ཞིབ་ཕྲ་སྒོས་བདེ་འཇགས་འགན་སྲུང་བྱེད་ཐབས་ལག་བསྟར་བཟང་བོ་བྱས། ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཉིན་རེར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བའི་ཐད་ལ་བརྙན་རིས་ཀྱི་ལམ་ནས་བཀོད་གཏོང་བྱས་ཤིང་། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ལས་རེས་བྱེད་པའི་འགོ་ཁྲིད་པས་དུས་ཚོད་ཉེར་བཞིའི་རིང་ལ་ལས་གནས་གཏན་སྲུང་བྱས་པ་དང་རིམ་པ་སོ་སོའི་བཀོད་འདོམས་ལྟེ་གནས་ཀྱིས་དུས་ཚོད་ཉེར་བཞིའི་རིང་ལ་ལྟ་རྟོག་བྱས་ཤིང་། སྤྱི་ཚོགས་ངོས་ཀྱི་བདེ་འཇགས་འགོག་སྲུང་བྱ་བ་དུས་ཚོད་ཉེར་བཞིའི་རིང་ལ་བསྒྲུབས།
ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་དང་བྱ་འགུལ་ཆེན་པོའི་བདེ་འཇགས་དོ་དམ་བྱ་བ་བཟང་བོར་སྒྲུབ་ནས། སྤྱི་ཐུན་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱས། དེའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ཉེན་རྟོག་པ་མི་ཐེངས་སྟོང་བརྒྱད་དང་བདུན་བརྒྱ་གྱ་གཅིག་མངགས་པ་དང་། ཉེན་རྟོག་རླངས་འཁོར་ཐེངས་སྟོང་གཅིག་དང་ལྔ་བརྒྱ་ཉེར་གསུམ་ལ་མངགས་པ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་སྟོང་བདུན་དང་བདུན་བརྒྱ་རེ་བདུན་ལ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་དྲིལ་སྒྲོག་ཡིག་ཆ་ཁྲི་ལྔ་ལྷག་དང་ཆ་འཕྲིན་ཉིས་བརྒྱ་ལྷག་བཀྲམས།
བཀྲ་ཤིས་འབུམ་གྱིས་བསྒྱུར།