རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིག་སྔའི་བདེ་འཇགས་དོགས་ཟོན་བྱ་བའི་བཀོད་སྒྲིག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡི་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་པུའུ་ཀྲང་ཝང་ཞང་ཞི་ཡི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་བདེ་འཇགས་དོགས་ཟོན་བྱ་བའི་བྱེ་བྲག་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། མགོ་ཁྲིད་ལས་བྱེད་པས་ལས་རེས་ཚན་ཆུང་དང་དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱེད་པ། མངོན་མེད་ཉེན་ཁ་ཆེ་བར་དམ་དུ་དམིགས་ཏེ་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་བྱེད་ཐབས་དམ་འཛིན་དང་དོན་ཐོག་ཏུ་འཁྱོལ་བ་དང་འཕྲལ་བསྟུན་དོགས་ཟོན་བྱ་བ་ཁག་ལེགས་པར་སྒྲུབ་ནས་ཞིང་ཆེན་ཡོངས་དུས་ཆེན་སྐབས་སུ་བདེ་འཇགས་གཏན་འཇགས་ཡོང་བར་ཁག་ཐེག་བྱས།
ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་ཆུ་ཚོད་ཐིག་ནས་ཟླ་བཅུ་པའི་ཚེས་བདུན་ཉིན་གྱི་ཆུ་ཚོད་བཅུ་དྲུག་བར། ཞིང་ཆེན་ཡོངས་སུ་ཅུང་ཚབས་ཆེ་བའམ་རིམ་པ་དེའི་ཡན་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་བྱུང་མེད་ལ། སྤྱིའི་ཆ་ནས་འཕེལ་ཕྱོགས་གཏན་འཇགས་རེད།
ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གཞུང་གིས་མངོན་བཤེར་ལྐོག་འདྲི་དང་གང་རུང་དུ་ཞིབ་བཤེར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཟི་ལིང་གྲོང་ཁྱེར་མའོ་ཅཱ་སྲང་ལམ་གྱི་ཚོང་རའི་དུས་ཆེན་སྐབས་ཀྱི་ཟས་རིགས་མཁོ་འདོན་འགན་སྲུང་དང་ཟ་ཁང་ཁ་ཤས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་འགན་འཁྲི་དང་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཨེ་ཤ་ཡའི་སྭེལ་ལས་རིགས་ཀྱི་ཉེན་ཁའི་འབྱུང་ཁུངས་ཀྱི་བདེ་འཇགས་འགོག་སྡོམ་བྱེད་ཐབས་དང་འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བའི་གནས་ཚུལ་ཐད་ལྟ་སྐུལ་འཛུབ་སྟོན་བྱས་པ་དང་རིམ་པ་སོ་སོའི་འགན་འཁྲི་ནན་དཀྲི་བྱེད་པ། དུས་ཆེན་སྐབས་ཀྱི་ཟས་རིགས་མཁོ་འདོན་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་བྱ་བ་སོགས་ཁྱོན་ཡོངས་ནས་ལེགས་པར་སྒྲུབ་སྟེ་བདེ་འཇགས་མིན་པའི་རྒྱུ་རྐྱེན་ཅི་རིགས་རྩ་བ་ནས་སེལ་དགོས་པའི་རེ་བ་བཏོན།
མི་ཕམ་མགོན་པོས་བསྒྱུར།