ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་བཀོད་སྒྲིག་དང་རེ་བ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་གོ་སྐབས་སུ་འཛིན་པ་དང་། ཞིང་བ་མང་ཚོགས་ཀྱི་རྒྱུས་ལོན་དབང་ཆ་དང་ཇུས་ཆོད་དབང་ཆ། ཟབ་ཞུགས་དབང་ཆ། ལྟ་རྟོག་དབང་ཆ་འགན་སྲུང་བྱེད་པར་རྐང་འཛུགས་པ། གཞི་རིམ་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཞི་རྩ་བྱས་ཏེ། ཉེ་ལམ། རང་ཞིང་གིས་སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་པའི་སྤྱོད་ཚུལ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་དང་དངོས་འབེབས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྡེ་དོན་ཁྱབ་སྒྲོག་དང་དམངས་གཙོ་དོ་དམ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ནས། གཙོ་བོ་ཕྱོགས་བཞི་ནས་ཞིང་ཆེན་ཡོངས་ཀྱི་སྡེ་དོན་ཁྱབ་སྒྲོག་དང་དམངས་གཙོ་དོ་དམ་ལ་ཤུགས་བསྣན། གཅིག སྡེ་བ་རིམ་པའི་ལས་དོན་ཁྱབ་སྒྲོག་ལ་སྐུལ་འདེད་བཏང་ནས། ཞིང་བ་མང་ཚོགས་ཀྱི་རྒྱུས་ལོན་དབང་ཆ་འགན་སྲུང་བྱས། གཉིས། སྡེ་བ་རིམ་པའི་ལས་དོན་དམངས་གཙོ་ཇུས་ཆོད་ལ་སྐུལ་འདེད་བཏང་ནས། ཞིང་བ་མང་ཚོགས་ཀྱི་ཇུས་ཆོད་དབང་ཆ་འགན་སྲུང་བྱས། གསུམ། སྡེ་བ་རིམ་པའི་ལས་དོན་དམངས་གཙོ་དོ་དམ་ལ་སྐུལ་འདེད་བཏང་ནས། ཞིང་བ་མང་ཚོགས་ཀྱི་ཟབ་ཞུགས་དབང་ཆ་འགན་སྲུང་བྱས། སྡེ་བ་རིམ་པའི་ལས་དོན་དམངས་གཙོ་ལྟ་སྐུལ་ལ་སྐུལ་འདེད་བཏང་ནས། ཞིང་བ་མང་ཚོགས་ཀྱི་ལྟ་རྟོག་དབང་ཆ་འགན་སྲུང་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།