ཟླ་བཅུ་པའི་ཚེས་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དྲ་ལམ་ཐད་གཏོང་ལས་རིགས་ཚད་ལྡན་ཅན་དང་དོ་དམ་ཅན་དུ་བསྒྱུར་བ་དང་ཐད་གཏོང་སྤྱི་སྟེགས་ཆ་འཕྲིན་གྱི་ནང་དོན་མི་ལེགས་པ་སེལ་བ། ཚད་ལྡན་མིན་པ་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འབུར་ཐོན་གནད་དོན་ལ་ཤུགས་སྣོན་བྱེད་ཆེད། ཟླ་དགུ་པའི་ཟླ་སྨད་ནས་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་ཞིང་ཆེན་སྤྱི་བདེ་ཐིན་དང་མཉམ་དུ་དྲ་ལམ་ཐད་གཏོང་གི་སྣང་ཚུལ་ངན་པར་གཅིག་གྱུར་ལེགས་བཅོས་བྱ་བ་སྤེལ་ནས། དྲ་ལམ་ཁྱབ་ཁོངས་ཀྱི་གནས་ཚུལ་བཙོག་པ་དང་ཡ་མ་ཟུང་། རྫུན་མ། རྒྱས་སྤྲོས། ཐ་ཤལ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རེད།
དག་ཐར་བཅོས་སྐྱོང་གི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དྲ་ལམ་ཆ་འཕྲིན་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱིས་དྲ་དམངས་ཀྱིས་ཐེར་འདོན་གོང་ཞུ་དང་ལྟ་སྐུལ་ཞིབ་བཤེར། དྲ་ལམ་སྐོར་ཞིབ་སོགས་ལས་ཤེས་རྟོགས་བྱུང་བའི་ཁོངས་གཏོགས་ས་ཆའི་ཐ་ཤལ་དང་སྣང་ཚུལ་ངན་པ་སོགས་འབུར་ཐོན་གནད་དོན་དང་ལེགས་སྐྱེས་འབུལ་བར་ངར་སློང་བ། རིན་གོང་མཐོན་པོའི་ལེགས་སྐྱེས་འབུལ་དུ་འཇོག་པ། དྲྭ་ལམ་སྦྲེལ་ཏེpkབྱེད་པ་དང་ནར་མ་སོན་པའི་བྱིས་པར་ལེགས་སྐྱེས་འབུལ་དུ་འཇུག་པ། བསམ་བཞིན་དུ་ངན་སྒྱུར་བྱེད་པ། སྨྱོ་རྟགས་ལྐུགས་རྟགས་སྟོན་པ། བསམ་བཞིན་དུ་གཏམ་སྣེ་བཙལ་ནས་འཁོན་འཛིང་བྱེད་པ། ལྐོག་ཏུ་བརྙན་ལེན་པ། ཟིང་ཆ་སློང་བ། རྟོག་བཟོའི་རང་སྲོག་གཅོད་པ། ཚོང་རྫས་རྫུན་མ་འཚོང་བ་སོགས་ཀྱི་སྣང་ཚུལ་ལ་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རེད།