མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རང་བྱུང་གནོད་འཚེ་འགོག་བཅོས་བཟོ་སྐྲུན་གཙོ་བོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
2022.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

གསར་འགོད་པས་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་འཕྲལ་བསྟུན་དོ་དམ་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་བཙུགས་པའི་ཚུན་ལ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ས་ཡོམ་དང་རང་བྱུང་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད་སོགས་ལས་ཁུངས་རྩ་འཛུགས་བྱས་ཏེ་རང་བྱུང་གནོད་འཚེ་འགོག་བཅོས་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གནོད་འགོག་གནོད་སེལ་ནུས་པ་ཇེ་ཆེར་བཏང་།

རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁར་ཁྱབ་བཤེར་བཟོ་སྐྲུན་ཐེངས་དང་པོའི་ཁྲོད། ཞིང་ཆེན་འཕྲལ་བསྟུན་ལས་ཁུངས་ཀྱིས་ཁྱབ་བཤེར་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་ཚན་རིག་དང་མཐུན་པའི་ཁྱབ་བཤེར་ཇུས་གཞི་སྒྲིག་བཟོ་བྱེད་པ། ལག་རྩལ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགྲོ་གྲོན་འགན་སྲུང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཉིས་དངོས་འབེབས་བྱས་ནས། ཞིང་ཆེན་ཡོངས་སུ་ཞིབ་བཤེར་གཞི་གྲངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་དང་ཞིང་ཆེན་གཅིག་དང་རྫོང་གཅིག་དང་ཞིང་ཆེན་གཅིག་དང་གྲོང་ཁྱེར་གཅིག་གི་དཔྱད་འཇོག་འཆར་འགོད་བྱ་བ་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་གནོད་འཚེ་ཉེན་ཁའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས།

མཚོ་སྔོན་ཞིང་ཆེན་གྱི་ས་ཡོམ་འབྱུང་ཐེངས་མང་བའི་ས་ཁུལ་གྱི་ཁང་བའི་སྒྲིག་ཆས་སྲ་བརྟན་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། སོ་སོར་ཉིས་སྟོང་ཉེར་གསུམ་ལོ་དང་ཉིས་སྟོང་ཉེར་ལྔ་ལོར་རིམ་བཞིན་ལག་བསྟར་བྱེད་རྒྱུ་རེད།

                                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།