མཚོ་སྔོན་གྱི་སློབ་ཆེན་སློབ་མ་ཁྲི་ཙམ་གཞི་རིམ་དུ་སོང་ནས་དབྱར་གནང་སྐབས་ཀྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ།
2022.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བཅུ་པའི་ཚེས་བཅུ་ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ཆེའི་ན་གཞོན་སློབ་མས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་པའི་བསམ་བློ་ཆབ་སྲིད་སློབ་ཁྲིད་བཟང་བོ་བྱེད་པར་སྣེ་ཁྲིད་དང་རོགས་རམ་བྱེད་པ་དང་། སྤྱི་ཚོགས་སློབ་ཁྲིད་ཁྲོད་སློབ་གསོ་མྱོང་བ་དང་འཇོན་ཐང་ཆེར་སྐྱེད་པ། བྱས་རྗེས་འཇོག་ཆེད། ད་ལོའི་དབྱར་གནང་སྐབས་སུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་སྡོམ་གྱི་རྒྱུན་རྣམ་ཅན་གྱི་གནས་བབ་གཞིར་བཟུང་ནས། ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་དང་འབྲིང་རིམ་སློབ་གྲྭ་སོ་སོའི་ན་གཞོན་སློབ་ཆེན་སློབ་མ་ཁྲི་ཙམ་རྩ་འཛུགས་བྱས་པ་དང་། རིགས་མི་འདྲ་བའི་ལག་ལེན་བྱེད་ཐབས་སྣ་ཚོགས་ལ་རྟེན་ནས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་སྒོ་ནས་རྣམ་པ་མང་པ་དང་ནང་དོན་ཕུན་སུམ་ཚོགས་པའི་དབྱར་གནང་སྐབས་ཀྱི་ལག་ལེན་བྱ་འགུལ་སྤེལ་ནས། བློ་རྩེ་གཅིག་སྒྲིམ་གྱིས་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུས།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་མ་བྱེད་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ། བསྐྱོད་ལམ་གསར་བར་འབད་འཐབ་བྱེད་པའི་བརྗོད་དོན་ལ་དམ་དུ་དམིགས་པ་དང་། རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་ཟུང་འབྲེལ་བྱས་ནས། གཞི་རིམ་དུ་བསྐྱོད་པ་གསུམ་གྱི་དབྱང་གནང་ལག་ལེན་བྱ་འགུལ་དེ་ཕྱིར་ཕ་ཡུལ་དུ་ལོག་པ་དང་ན་གཞོན་ཇུས་འགོད་པ། གཞིས་ཁུལ་གྱི་ན་གཞོན་འགུལ་སྐྱོད་སོགས་ལག་ལེན་དངོས་སྦྱོང་བྱ་འགུལ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། སློབ་མ་རྩ་འཛུགས་བྱས་ནས་ཉེ་འགྲམ་ནས་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་ཞོར་དུ། དྲ་ཐོག་སློབ་གསོ་རོགས་སྐྱོར་དང་དྲ་ཐོག་སྒྲོག་འགྲེལ་སོགས་ནང་འདྲེན་བྱེད་པ་དང་། ལག་ལེན་བྱ་འགུལ་དྲ་ཐོག་ནས་སྤེལ་ནས། རོང་འབྲོག་ཁུལ་གྱི་མང་ཚོགས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དྲ་ཐོག་ནས་སློབ་གསོ་རོགས་སྐྱོར་བྱེད་པ་དང་འོས་འགན་སྨན་བཅོས་བྱེད་པ། སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། བྱ་འགུལ་སྤེལ་སྐབས་སུ། མཐོ་རིམ་སློབ་གྲྭ་སོ་སོས་རུ་ཁག་བརྒྱ་ཙམ་དང་སློབ་ཆེན་སློབ་མ་སྟོང་གཅིག་དང་ཉིས་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོར་སོང་ནས་དབྱར་གནང་སྐབས་ཀྱི་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་བ་དང་། སློབ་གྲྭ་ཆེན་མོ་བ་སྟོང་གཅིག་དང་བཞི་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་ཏང་སྲིད་ལས་ཁུངས་དང་ཁེ་ལས། གཞིས་ཁུལ་དུ་སོང་ནས་དངོས་སྦྱོང་སྤེལ་ལ། ཆེད་ལས་སློབ་མ་དགུ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་གྲོང་གསེར་དར་སྤེལ་དཔེ་སྟོན་སྡེ་བ་དང་གྲོང་རྡལ་དུ་སོང་ནས་ཇུས་འགོད་ཆུང་བ་དང་བསྒྱུར་བཀོད་ཆུང་བ། བཅོས་སྐྱོང་ཆུང་བ་སོགས་ཀྱི་ན་གཞོན་ཇུས་འགོད་པའི་སྐྱེད་སྲིང་འཆར་འགོད་སྤེལ་བ་དང་། བསྡོམས་པས་མཐོ་རིམ་སློབ་མ་སྟོང་བཞི་དང་བདུན་བརྒྱས་ཉེ་ས་ནས་སྤྱི་ཚོས་ལྟ་ཞིབ་དང་དང་བླངས་པའི་ཞབས་ཞུ་སོགས་ཕྱིར་ཕ་ཡུལ་དུ་ལོག་པའི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ།

ལག་ལེན་བྱ་འགུལ་ཐད་ནས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། སྲིད་ཇུས་སྒྲོག་འགྲེལ་སོགས་གཙོ་གནད་ཁྱབ་ཁོངས་གཙིགས་སུ་བཟུང་བ་དང་། ལྟ་ཞིབ་རྟོག་ཞིབ་དང་དང་བླངས་ཞབས་ཞུ། དྲིལ་སྒྲོག་སྒྲོག་འགྲེལ་བཅས་གནད་འགག་གསུམ་ལ་དམིགས་ནས། ན་གཞོན་སློབ་མ་རྩ་འཛུགས་བྱས་ནས་ཞིང་སྡེ་གཞི་རིམ་དང་ཕ་ཡུལ། མཐའ་འཁོར་སྡེ་བ་བཅས་ལ་སོང་ནས། ལག་ལེན་རྟོག་ཞིབ་དང་དང་བླངས་ཞབས་ཞུ། སྲིད་ཇུས་སྒྲོག་འགྲེལ། དངོས་སྦྱོང་གསོ་སྦྱོང་སོགས་བྱ་འགུལ་སྤེལ་བ་དང་། གཞི་རིམ་གྱི་དགོས་མཁོ་དངོས་དང་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ། དེའི་སྐབས་སུ། རུ་ཁག་སོ་སོས་འོས་འགན་སྨན་བཅོས་དང་སྡེ་བའི་འཆར་འགོད་ཇུས་འགོད། སློབ་གསོ་རོགས་སྐྱོར་སོགས་ཀྱི་དོན་དངོས་བསྒྲུབ་པའི་བྱ་འགུལ་ཐེངས་བརྒྱ་དང་སུམ་ཅུ་ཙམ་སྤེལ་བ་དང་། རིགས་མི་འདྲ་བའི་སྒྲོག་འགྲེལ་དྲིལ་སྒྲོག་ཆུང་བ་བརྒྱ་དང་ཉི་ཤུ་སྤེལ་ལ། སློབ་མ་སྟོང་གཅིག་དང་སུམ་བརྒྱ་ལྷག་རང་འགུལ་སྒོས་རང་ཡོད་སའི་སྡེ་བའི་རིམས་འགོག་དང་བླངས་ཞབས་ཞུ་ཁྲོད་ཞུགས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཞབས་ཞུའི་དུས་ཡུན་ཉིནབཅུ་གཅིག་ཡན་ལ་སླེབས།

རིན་ཆེན་མཚོས་བསྒྱུར།