མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་སློབ་གསོའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2022.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་བའི་ཚེས་བཅུ་ཉིན།   ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་སློབ་གསོའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།   མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་ཙུའུ་ཁོངས་མི།  ཐིན་ཀྲང་གཞོན་པ་ཀྲུང་ཙི་ཧའེ་ཡིས་འཚམས་སྦྱོར་བྱས་དོན།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།   མཚོ་སྔོན་ཞིང་ཆེན་གྱི་སློབ་སྔོན་སློབ་གསོའི་ཁྱབ་གདལ་ཚད་ཚད་ཆེན་པོས་ཇེ་མཐོར་སོང་བ་དང་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པར་མ་ཟད།   མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱས་ལ།   མཐོ་རིམ་སློབ་གསོ་སྤྱི་དམངས་ཅན་གྱི་དུས་རིམ་གསར་པ་སླེབས་ཡོད།

ལོ་བཅུའི་རིང་ལ།   རང་ཞིང་གི་སློབ་སྔོན་སློབ་གསོའི་ཐད་ཡུལ་ཚོ་དང་གྲོང་རྡལ་ཡན་གྱི་བྱིས་སྐྱོང་ཁང་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་།  ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་བར་དུ།   ཀུན་ཕན་རང་བཞིན་གྱི་བྱིས་སྐྱོང་ཁང་གི་ཁེབས་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་དགུ་གཉིས་ལ་སླེབས་ཡོད།   ཉིས་སྟོང་ཉི་ཤུ་ལོར་མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི་རྫོང་ཁོངས་འོས་འགན་སློབ་གསོའི་གཞི་རྩའི་དོ་མཉམ་འཕེལ་རྒྱས་ཞིབ་བཤེར་རྩིས་ལེན་བྱས་པའི་ཞིང་ཆེན་ཉེར་བཞི་པར་གྱུར།   འོས་འགན་སློབ་གསོའི་སློབ་ཞུགས་འགན་སྲུང་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་སྤྱིར་བཏང་གི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།      འོས་འགན་སློབ་གསོའི་སློབ་གླིང་གི་སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་།     ཞིང་ཆེན་ནང་ཁུལ་གྱི་རིག་གཞུང་ཚན་ཁག་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་གནོན་འཕྲི་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ནས་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་རིག་གཞུང་ཚན་ཁག་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་གི་གཙང་སེལ་བྱ་བ་མངོན་འགྱུར་བྱས།

ལོ་བཅུའི་རིང་ལ།  རང་ཞིང་གི་ལས་རིགས་སློབ་གསོའི་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ་དང་།  རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་སྡུར་ཆེན་མོ་ཐོག་མར་མཚོ་སྔོན་ནས་སྤེལ།   མཐོ་རིམ་སློབ་གསོའི་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ་དང་རིག་གཞུང་ཚན་ཁག་གི་ཆེད་ལས་འཛུགས་སྐྲུན་གྱི་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱས་ནས་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་།   སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ་དགུ་ནས་བཅུ་གཉིས་ལ་ཇེ་མང་དུ་སོང་བ་དང་ཟི་ལིང་སློབ་ཆེན་གྲབས་འཛུགས་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང།

ལོ་བཅུའི་རིང་ལ།   རང་ཞིང་གིས་སློབ་གསོའི་ཁྱབ་ཁོངས་ཀྱི་དུས་ཡུན་རིང་བོའི་སྒྲིག་གཞིའི་ནང་རྐྱེན་འགོག་རྐྱེན་གཅིག་བསྡུས་ཀྱིས་མེད་པར་བཏང་བ་དང་།   གློད་སྡོམ་ཞབས་གསུམ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ལ།  མཐོ་རྒྱུགས་ལ་སྐར་མ་སྣོན་པའི་སྲིད་ཇུས་བཅོས་སྒྱུར་ལག་བསྟར་བྱས་པར་མ་ཟད།   མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་བྱ་རྒྱུ་ལག་བསྟར་བྱས་ཏེ་སློབ་གསོའི་གདེང་འཇོག་བཅོས་སྒྱུར་ལ་བརྟན་འཇགས་སྒོས་སྐུལ་འདེད་བཏང་།  སློབ་གྲྭ་འབྲིང་ཆུང་གི་བསླབ་ཚན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པར་མ་ཟད།   སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་ཕན་ཁེ་བསྐྲུན།  སློབ་གསོའི་ལས་གཞི་འཛུགས་སྐྲུན་དང་མ་དངུལ་གཏོང་རྒྱུ་དེ་གཙོ་བོར་དབུལ་ཕོངས་ས་ཁུལ་དུ་གཞོལ་བ་དང་སློབ་གསོའི་དུས་རིམ་སོ་སོར་ཁྱབ་པའི་ལོ་བཅོ་ལྔའི་སློབ་གསོའི་རོགས་སྐྱོར་མ་ལག་བཙུགས་ནས་ཁྱོན་ཡོངས་ལ་ཁེབས་པར་བྱས་ཏེ་སློབ་ཞུགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།   སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་སྟེ་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ཐད་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ།   ཁོར་ཡུག་སྲུང་སྐྱོབ་དང་ཉི་འོད་ནུས་པའི་གློག་འདོན།   ཆུ་བེད་ཆུ་གློག་སོགས་ཆེད་ལས་གསར་དུ་བསྣན་ནས་རང་ཞིང་གི་ཁྱད་ཆོས་ལྡན་པའི་ཆེད་ལས་གསར་སྐྲུན་བྱས།

ལོ་བཅུའི་རིང་ལ།  རང་ཞིང་གི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་།   སློབ་གསོའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་།     མཐོ་འབྲིང་གི་སྒྲིག་བཀོད་སྔར་ལས་ལེགས་སྒྱུར་བྱས་ནས་མི་ཁྲི་ལྔའི་ཡན་གྱི་རྫོང་རིམ་པའི་སྤྱིར་བཏང་གི་མཐོ་འབྲིང་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།