འབྲི་སྟོད་རྫོང་གིས་ལྟ་སྐུལ་འཛུབ་སྟོན་ལ་བརྟེན་ནས་ནུས་ཕྱོད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་།
2022.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

སྔར་ལས་ལྷག་པའི་སྒོ་ནས་ཉིས་སྟོང་ཉེར་གཉིས་ལོའི་དམིགས་འབེན་ལས་འགན་དཔྱད་ཞིབ་སྤུས་ཚད་མཐོར་འདེགས་གཏོང་ཆེད། མིག་སྔར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་དཔྱད་ཞིབ་དམིགས་འབེན་ལ་དམ་དུ་དམིགས་ནས་བརྒྱུད་རིམ་གྱི་ལྟ་སྐུལ་འཛུབ་སྟོན་ཇེ་དྲག་ཏུ་བཏང་བ་དང་། ཞིབ་བཤེར་ཚན་ཆུང་གསུམ་དུ་བགོས་ནས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་དང་རྫོང་ཏང་ཨུའི་སྡེ་ཁག་སོ་སོ། རྫོང་གི་ཐད་གཏོགས་ལས་ཁུངས་སོ་སོའི་ལོ་སྟོད་ཀྱི་དམིགས་འབེན་ལས་འགན་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་འཛུབ་སྟོན་བྱས།

ཞིབ་བཤེར་ཚན་ཆུང་གིས་བཀོད་སྒྲིག་ལྟར་གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་དེ་བཞུགས་མོལ་བརྗེ་རེས་དང་ཡིག་ཆ་ལྟ་ཀློག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག རྫོང་ཡོངས་ཀྱི་ལས་ཁུངས་བཞི་ཅུ་ཡི་ལོ་སྟོད་ཀྱི་བྱ་བའི་སྐུལ་འདེད་གནས་ཚུལ་ལ་མ་ལག་རང་བཞིན་གྱི་དབྱེ་ཞིབ་བྱས་པ་དང་། ཁྱད་ཆོས་སྤྱི་སྡོམ་དང་མི་འདང་ས་གསལ་སྟོན་བྱས་པར་མ་ཟད། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལག་བསྟར་བྱེད་པའི་ཐད་ནས་སྒྲུབ་འགན་འཁུར་བའི་ལས་ཁུངས་ལ་བླང་བྱ་བཏོན། ལས་ཁུངས་སོ་སོས་ཐེངས་འདིའི་ཞིབ་བཤེར་གོ་སྐབས་སུ་བརྩིས་ནས་ལས་བྱེད་པས་ལས་སྒྲུབ་གསར་གཏོད་བྱེད་པའི་བསམ་པའི་འཁྱེར་ཕྱོགས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། མགོ་ཁྲིད་ལས་བྱེད་པས་འགྲན་རྩོད་དང་ཐོལ་བརྒལ། འབད་འཐབ་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་ནས་སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་དམ་འཛིན་དང་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཡུན་རིང་གི་རྐྱེན་སྲོལ་བཙུགས་ནས་ཧུར་ཐག་གིས་རྗེས་ཀྱི་བྱ་བར་རིན་བྲལ་གྱི་ཉམས་མྱོང་མཁོ་འདོན་བྱེད་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་བློ་སྤོབས་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལོ་ཧྲིལ་བོའི་དཔྱད་ཞིབ་བདེ་ལེགས་ངང་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་།

མི་ཕམ་མགོན་པོས་བསྒྱུར།