མཚོ་སྔོན་ཞིང་ཆེན་གྱིས་སྲིད་འཛིན་ཁྲིམས་འཛིན་གྱི་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞིའི་བྱ་བའི་ཆེད་དོན་གསབ་སྦྱོང་སྤེལ།
2022.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་སྔོན་ཞིང་ཆེན་གྱིས་སྲིད་འཛིན་ཁྲིམས་འཛིན་གྱི་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞིའི་བྱ་བའི་ཆེད་དོན་གསབ་སྦྱོང་སྤེལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གི་སྲིད་འཛིན་ཐག་གཅོད་དབང་ཆ་སྔར་ལས་ཚད་ལྡན་དུ་གཏོང་བའི་རྩ་བའི་ཚད་གཞི་གཏན་འབེབས་དང་དོ་དམ་བྱ་བའི་བསམ་འཆར་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་གཞོགས་འདེགས་ཚོ་ཆུང་གིས་ཆེད་དོན་བརྙན་རིས་གསབ་སྦྱོང་སྤེལ་པ་དང་ཁྲིམས་འཛིན་པུའུ་ཁྲིམས་འཛིན་ལག་བསྟར་གཞོགས་འདེགས་ལྟ་སྐུལ་ཅུའུ་ཡི་ཁྲུའུ་ཀྲང་ལིས་ཞིག་ཆོན་གྱིས་བསམ་འཆར་ལ་གསལ་འགྲེལ་བྱས།

གསབ་སྦྱོང་སྐབས་སུ། ལིས་ཞིག་ཆོན་གྱིས་ཅི་འདྲ་ཞིག་ལ་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་ཟེར་བ་དང་ཅིའི་ཕྱིར་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་གཏན་འབེབ་བྱེད་དགོས་པ། ཅི་ལྟར་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་གཏན་འབེབ་བྱས་པ། ཅི་ལྟར་བཀོལ་སྤྱོད་དང་དོ་དམ་བྱེད་པ་སོགས་ཕྱོགས་བཞི་ནས་བསམ་འཆར་ལ་གསལ་འགྲེལ་བྱས། སློབ་ཁྲིད་ཀྱི་ནང་དོན་གཏིང་ཟབ་ཅིང་དོན་དངོས་དང་ཉེ་བ། གཞུང་ལུགས་ཀྱི་གསལ་བཤད་དང་དཔེ་མཚོན་གྱི་དབྱེ་ཞིབ་གསལ་བས། རང་ཞིང་གི་རིམ་པ་སོ་སོའི་སྲིད་འཛིན་ལག་བསྟར་ལས་ཁུངས་ཀྱིས་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་གཏན་འབེབས་དང་དོ་དམ་བྱ་བ་སྐུལ་འདེད་བྱེད་པར་བློ་འབྱེད་ཀྱི་ནུས་པ་དང་རང་ཞིང་གི་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་གཏན་འབེབས་དང་དོ་དམ་བྱ་བ་ཚད་ལྡན་ཅན་དུ་འགྱུར་བར་ནུས་པ་ཐོན།

གསབ་སྦྱོང་མཇུག་རྫོགས་རྗེས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཁྲིམས་འཛིན་ལག་བསྟར་བྱ་བ་ལེགས་སྒྲིག་དང་ཚད་ལྡན། ཞིབ་ཚགས་སྟབས་བདེ་ཅན་བསྒྱུར་དགོས་པ་དང་སྲིད་འཛིན་ཐག་གཅོད་དབང་ཆའི་ཁྱབ་ཁོངས་དང་རིགས། ཚད་གཞི་བཅས་ཇེ་ཞིབ་ཏུ་བཏང་ནས་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་གི་སྔོན་ཏུ་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞིའི་ལམ་ལུགས་ཡོངས་ཁྱབ་ཏུ་འཛུགས་པ་དང་རྩ་བའི་ཆ་ནས་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་ལམ་ལུགས་ཅན་དང་སྤྱོད་ཚུལ་ཚད་ལྡན་ཅན།དོ་དམ་ཚན་རིག་ཅན་དུ་མངོན་འགྱུར་བྱེད་དགོས། ལྷག་པར་ཏུ་འགོ་ཁྲིད་ལས་བྱེད་པ་དང་ཁྲིམས་འཛིན་མི་སྣའི་གསབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་སྲིད་འཛིན་ཐག་གཅོད་དབང་ཆའི་རྩ་བའི་ཚད་གཞི་བྱ་བ་སྐུལ་འདེད་བྱེད་པར་རྨང་གཞི་ལེགས་པོ་བཏང་སྟེ། མི་དམངས་མང་ཚོགས་ལ་ཁྲིམས་ལག་བསྟར་བྱེད་པའི་བྱ་འགུལ་ཁྲོད་འདྲ་མཉམ་དྲང་བཞག་གི་སྣང་ཚུལ་མྱོང་རོལ་བྱེད་དུ་འཇུག་དགོས་བའི་རེ་བ་བཏོན།

རིག་འཛིན་ཐར་གྱིས་བསྒྱུར།