ཀོས་ནན་རྫོང་གིས་ས་ཚིགས་གཅིག་གི་རྣམ་པའི་བར་འདུམ་ལྟེ་གནས་ཡོངས་སུ་ཁེབས་པར་བྱས།
2022.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ས་ཚིགས་གཅིག་གི་རྣམ་པའི་འགལ་རྩོད་བར་འདུམ་ལྟེ་གནས་ཀྱིས། གཞི་རིམ་གྱི་འགལ་རྩོད་ཐག་གཅོད་བྱེད་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས་པར་སྐུལ་འདེད་བཏང་། མིག་སྔར། ས་ཚིགས་གཅིག་ཅན་གྱི་བར་འདུམ་ལྟེ་གནས་ཀོས་ནན་རྫོང་དུ་ཡོངས་སུ་ཁེབས་པར་བྱས་པ་དང་། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་གཡུལ་ས་གོ་གཅིག་དང་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་ཉེར་བཞི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་དང་ཁེ་དབང་སྲུང་སྐྱོབ་ཀྱི་ལས་རིགས་ཡོངས་སུ་ཁེབས་པར་བྱས་ཡོད།

ཀོས་ནན་རྫོང་གི་ས་ཚིགས་གཅིག་ཅན་གྱི་འགལ་རྩོད་བར་འདུམ་ལྟེ་གནས་སུ་ཞོར་འགན་ཁུར་བའི་བར་འདུམ་པ་སུམ་བརྒྱ་དང་གཉིས་ཡོད་པ་དང་། ཆེད་ལས་བར་འདུམ་པས་དུས་ཚོད་ཉེར་བཞིའི་འགལ་རྩོད་ཐག་གཅོད་ལས་རེས་ལམ་ལུགས་ལག་བསྟར་བྱས་ཏེ། གཞི་རིམ་གྱི་བར་འདུམ་རིགས་མང་པོས་མཉམ་འབྲེལ་བྱེད་པ་དང་ཐབས་སྣ་མང་སྒོས་ཐག་གཅོད་པའི་སྟེགས་བུ་རུ་གྱུར། ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་བར་འདུམ་ལྟེ་གནས་དང་ཐར་ཤུལ་ཡུལ་ཚོའི་བར་འདུམ་ཁང་སོགས་ནི་རོང་འབྲོག་མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་པའི་བར་འདུམ་ལས་ཁུངས་སུ་གྱུར་ཡོད།

མིག་སྔར། ཀོས་ནན་རྫོང་གིས་དྲ་ཐོག་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་སྟེགས་བུ་བཙུགས་པ་དང་། སྡེ་བ་གཅིག་ལ་བཅའ་ཁྲིམས་བློ་འདོན་པ་ཅིག་བཀོད་སྒྲིག་བྱས་ལ། བློ་འདོན་པ་སྡེ་བར་བསྡད་དེ་འགན་སྒྲུབ་བྱེད་པ་དང་ལྟེ་གནས་དུས་འགྱངས་ཞབས་ཞུ། བདེན་དཔང་རྒྱང་བསྟེན་ཞབས་ཞུ། སྒྲུབ་ཐེངས་གཅིག་ལ་སྒྲུབ་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཤིང་། ཡུལ་དངོས་ཀྱི་གཡུལ་ས་དང་གཅིག་གཉིས་གསུམ་བཞི་བརྒྱད་མཚོ་སྔོན་ཁྲིམས་དྲ་སོགས་དྲ་ཐོག་སྟེགས་བུ་མཉམ་བསྲེས་ནུས་ལྡན་བྱས་པ་དང་། ཁ་པར་དང་དྲ་བ། སྐད་འཕྲིན། འཕྲིན་བཅར་བཅས་ཀྱི་མགྲོན་སྣེ་བརྒྱུད་དེ་མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་ལ་ལན་བཏབ་ནས། བཅའ་ཁྲིམས་ཞབས་ཞུའི་ཆེད་ལས་ཅན་དང་དེང་རབས་ཅན། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་།

རིན་ཆེན་མཚོས་བསྒྱུར།