ཟླ་བཅུ་པའི་ཚེས་སོ་གཅིག་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་ནས། མགྱོགས་མྱུར་སྒོས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་སློང་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལྷག་བསམ་རྣམ་དག་སྒོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པར་མ་ཟད་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་དང་ཁག་ཁུར་དངོས་སྒྲུབ་བྱེད་པ་དང་། དཀའ་སྤྱད་འབད་འབད་འཐབ་བྱས་ཏེ་བདེ་ཐང་དེང་རབས་དང་བདེ་སྐྱིད་འཚོ་བའི་ལེའུ་གསར་བ་འབྲི་དགོས།
གྲོས་ཚོགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོ་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་མ་རྩོམ་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་རྩ་བའི་རིགས་པ་གསལ་བོར་ཤེས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཀུན་གྱིས་རྟོགས་པ་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་སྦྱོང་བཟང་བོ་བྱས་ནས་གོ་བ་ཟབ་མོ་ལེན་དགོས། རྒྱ་ཆེའི་ཏང་ཡོན་རྣམས་ལ་ཁ་ཕྱོགས་ཏེ་རྣམ་པ་དང་རིམ་པ་མང་ཞིང་ཁྱོན་ཡོངས་ལ་ཁེབས་པའི་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་རིགས་མི་འདྲ་བའི་གཙོ་གཞིའི་གསོ་སྦྱོང་འཛིན་གྲྭའི་སློབ་སྦྱོང་གི་ནང་དོན་གཙོ་བོར་འཇོག་དགོས་པར་མ་ཟད། སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ཏེ། ལས་ཁུངས་དང་སློབ་གྲྭ། སྡེ་ཁུལ། ཁེ་ལས། རོང་འབྲོག་ཁུལ་སོགས་སུ་སོང་ནས་སྒྲོག་འགྲེལ་བྱེད་དགོས་པའི་རེ་བ་བཏོན།
བཀྲ་ཤིས་འབུམ་གྱིས་བསྒྱུར།