
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་དགོངས་དོན་སློབ་སྦྱོང་བྱེད་པ་དང་བསམ་བློ་རྟོགས་པ། སྤྱོད་ཚུལ་བསྒྱུར་བ། དམངས་ཀྱི་དཀའ་ཁག་སེལ་བ། རིག་ལམ་གསལ་བར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་བརྗོད་གཞི་ཡིན་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས། རྫོང་ཡོངས་ཀྱི་རིགས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་གཅིག་གྱུར་བྱེད་པར་སྐུལ་སློང་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་སྲུང་སྐྱོང་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་རྐང་ཚ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཕན་འབྲས་ངོ་མ་རུ་བསྒྱུར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱ་ཆེད། རྐང་ཚ་རྫོང་ཏང་ཨུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ལག་བསྟར་འཆར་གཞི་ཞེས་པ་བཀྲམ། ཏང་གི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། དཔལལ་འབྱོར་འཕེལ་རྒྱས། དམངས་ཚིས་ཕྱུག་འགྱུར། སྤྱི་ཚོགས་བཅོས་སྐྱོང་བཅས་ཕྱོགས་ལྔ་ལ་བྱེ་བྲག་གི་བྱེད་ཐབས་ཉེར་གཅིག་བཟོས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་རུ་གཙོའི་འགན་འཁྲི་ཁུར་བ་དང་ལས་རིགས་ཁག་གི་རྐང་འཛིན་པ་བརྒྱ་སྐོང་འཐེན་བྱས་ཏེ་དྲིལ་སྒྲོག་རོགས་སྐྱོར་བྱ་བའི་རུ་ཁག་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གཞོགས་འདེགས་བྱ་བའི་རུ་ཁག་བཙུགས་ཏེ་དུས་ལྟར་རང་རང་གི་འབྲེལ་གཏུགས་ས་གནས་ལ་སོང་ནས་གསར་གཏོད་གཞུང་ལུགས་དང་ཇུས་ཆོད་བཀོད་སྒྲིག་འགྲེལ་ཀློག་བྱས་ཏེ་རྫོང་རིམ་པའི་ཕྱིར་འཚོང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱས། ཡུལ་ཚོ་དང་གྲོང་རྡལ་སོ་སོས་སྲོག་ཤིང་གཅིག་དང་རུ་དཔུང་ལྔ་ཡིས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི་ཡི་བྱ་བའི་སྒྲུབ་སྟངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། མིག་སྔའི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དང་གྲོང་གསེབ་དར་སྤེལ། ཐོན་ལས་འཕེལ་རྒྱས་སོགས་བྱ་བ་གཙོ་བོར་དམ་དུ་དམིགས་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་བྱས་ཏེ་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱས་པའི་འབུར་ཐོན་གནད་དོན་གཅིག་ནས་གཉིས་ཐག་གཅོད་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ། ལུས་ཁུངས་སོ་སོའི་མགོ་ཁྲིད་མི་སྣས་རང་གི་ཡུལ་ཚོ་དང་ལུས་ཁུངས། མ་ལག་ཁྲོད་དུ་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱས་པའི་གནད་དོན་ཐག་གཅོད་བྱས། ཧུར་ཐག་གིས་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་དེ་ནོར་ལུག་བྲིན་ཚོང་གི་གྲངས་ཀ་ཇེ་མང་དུ་བཏང་སྟེ་རིམས་ནད་ཀྱི་གནས་བབ་མདུན་དུ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་འཇགས་ངང་འཕར་སྣོན་བྱས་ཏེ། ཏང་གི་གསུང་སྐད་རི་ལུང་ཀུན་ལ་བསྒྲགས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབ་གང་ལེགས་བྱས །
རིག་འཛིན་ཐར་གྱིས་བསྒྱུར།