མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྒྱུ་རྩལ་གསར་རྩོམ་དང་དྲ་ཐོག་འཁྲབ་སྟོན་བྱ་འགུལ་སྤེལ།
2022.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་རིག་རྩལ་དྲིལ་སྒྲོག་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྒྱུ་རྩལ་གསར་རྩོམ་དང་དྲ་ཐོག་འཁྲབ་སྟོན་བྱ་འགུལ་སྤེལ་ནས། རྣམ་པ་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཀུན་གྱིས་གསལ་བོར་ཤེས་པར་བྱས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་རིག་རྩལ་གསར་རྩོམ་ཐད་ནས་དུས་རབས་དང་མཉམ་ལས་གཅིག་གྱུར་ཡོང་བར་བྱས་པ་དང་། རིག་རྩལ་དང་སྒྲོག་འགྲེལ་ཟུང་འབྲེལ་དང་རིག་རྩལ་དང་འགྲེམ་སྟོན་ཟུང་འབྲེལ་བྱེད་པ་སོགས་མང་ཚོགས་ཀྱི་ལྟ་འདོད་ཉན་སྤྲོའི་རྣམ་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བཟང་བོ་བྱས། ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐད་ཀྱི་བརྗོད་དོན་རིག་རྩལ་དགོང་ཚོགས་ལ་ཇུས་འགོད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་མཚོ་སྔོན་གྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། དཔའ་སྐྱེད་མདུན་སྐྱོད་ཀྱི་ཆོད་སེམས་བརྟན་པོ་ཕྱོགས་ཡོངས་ནས་ངོམས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཐུན་རིག་གནས་ཞབས་ཞུ་སྡེ་ཁག་གིས་གཞི་གྲངས་རིག་གནས་ཀྱི་དགེ་མཚན་འདོན་སྤེལ་བྱས་པ་དང་། རྣམ་པ་སྣ་མང་གི་དྲ་ཐོག་དྲིལ་སྒྲོག་བྱ་འགུལ་སྤེལ། ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱིས་ཕུལ་བྱུང་ཟློས་གར་གྱི་རྣམ་གྲངས་དྲ་ལམ་ནས་འགྲེམ་སྒྲོག་བྱས་པ་དང་། རིག་རྩལ་དང་དྲ་ཐོག་འགྲེམ་འཁྲབ་ཟུང་འབྲེལ་གྱི་བྱ་འགུལ་སྤེལ། ཞིང་ཆེན་རིག་གནས་ཁང་གིས་མགྱོགས་གཏམ་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསྔགས་བརྗོད་བྱེད་ཅེས་པ་དང་། མཉམ་དུ་མ་འོངས་པར་ཁ་ཕྱོགས་པ་དང་དུས་རབས་གསར་བའི་ནང་ནུས་པ་ངོམ་ཞེས་པ་སོགས་ཀྱི་བརྩམས་ཆོས་གསར་རྩོམ་བྱས། རབ་མཛེས་མཚོ་སྔོན་རིག་རྩལ་སྐྱ་དམག་རུ་ཁག་གཞི་རིམ་ཡུལ་དངོས་སུ་སོང་ནས་སྒྲོག་འགྲེལ་འཁྲབ་སྟོན་བྱ་འགུལ་སྤེལ། ཞིང་ཆེན་ཆ་ཡིག་སློབ་ཚོགས་ཀྱིས་ཚོགས་མི་རྩ་འཛུགས་བྱས་ནས་སྙན་ངག་གི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསྔགས་བརྗོད་བྱས་པ་དང་། ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་མཐུན་ཚོགས་ཀྱིས་ས་ཆ་སོ་སོའི་བྱ་བའི་ས་ཚིགས་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞི། ཁྲིད་སྦྱོང་ཁང་དང་རྒྱུན་འཛིན་མི་སྣ་བཅས་རྩ་འཛུགས་བྱས་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བརྩམས་ཆོས་ལ་བརྟེན་ནས་ཏང་གི་རླབས་ཆེན་མཛད་རྗེས་ལ་བསྟོད་བསྔགས་བྱས། ཞིང་ཆེན་ཡུལ་སྐོར་ཁང་མཐུན་ཚོགས་ཀྱིས་དྲ་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སློབ་སྦྱོང་མྱོང་ཚོར་མཉམ་སྤྱོད་བྱེད་པ་བརྒྱུད་དེ། རང་ཞིང་གི་ཡུལ་སྐོར་ལས་གཉེར་པའི་བསམ་པའི་རྣམ་པ་མཐོར་འདེགས་བཏང་།

གོ་རིམ་རྗེས་མར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ་དང་། རབ་མཛེས་མཚོ་སྔོན་གྱི་རིག་རྩལ་སྐྱ་དམག་རྩ་འཛུགས་བྱས་ནས་སྒྲོག་འགྲེལ་གཞི་རིམ་དུ་བསྐྱོད་པ་དང་ཟློས་གར་གྲོང་གསེབ་ཏུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རིག་རྩལ་འཁྲབ་སྟོན་གྱི་ལམ་ནས་མང་ཚོགས་ཁྲོད་སྒྲོག་འགྲེལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཀུན་གྱིས་ཤེས་པར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།