ཅང་སུའུ་དང་མཚོ་སྔོན་གྱིས་ཤར་ནུབ་རྒྱུད་རོགས་ལས་ལ་ཤུགས་བསྣན་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ལ་རོགས་འདེགས་བྱས།
2022.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ན་ནིང་གི་ཚུན་ལ།  ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།  རྟེན་གཞི་འཛུགས་སྐྲུན་དང་ལས་སྣོན་ཞིབ་ཚགས།    ཐོན་ཚོང་སྦྲེལ་མཐུད།   ཚོང་རྟགས་གསར་སྐྲུན་སོགས་གནད་འགག་དུས་རིམ་ལ་དམིགས་པ། ལས་གཞི་ཅན་དང་ཐོན་ལས་ཅན།    ཚོང་རྟགས་ཅན་བཅས་ལ་བརྟེན་ནས་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ་བཅས་བྱས་ཏེ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་གྲགས་ཆེ་རུ་བཏང་།   ཉིས་སྟོང་ཉེར་གཉིས་ལོར།  ཤར་ནུབ་རྒྱུད་རོགས་ལས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་བཀོད་སྒྲིག་དང་ལས་གཞི་བརྒྱ་དང་སོ་གསུམ་ལག་བསྟར་བྱས་ཏེ་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ལ་རོགས་འདེགས་བྱས་པ་དང་།   དེས་སོ་སོར་ལོ་ཧྲིལ་བོའི་ཤར་ནུབ་རྒྱུད་རོགས་ལས་མ་དངུལ་གྱི་བརྒྱ་ཆའི་ང་གཅིག་དང་ལས་གཞིའི་སྤྱི་འབོར་གྱི་བརྒྱ་ཆའི་སོ་བརྒྱད་ཟིན།

དུས་སྐབས་སྔོན་གྱི་རྟོག་ཞིབ་ནན་མོར་སྤེལ་བ་དང་མ་དངུལ་བཏང་སྟེ་རོགས་སྐྱོར་བྱེད་པ།   ཆེད་མཁས་འཇོན་མི་འདེམ་པ།    ཁྱད་ལྡན་ཚོང་རྟགས་བསྐྲུན་པ་སོགས་བྱེད་ཐབས་བརྒྱུད་དེ་ཞིང་ཕྱུགས་ཐོན་ལས་རྟེན་གཞིའི་དགེ་མཚན་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་།   ཐོན་ལས་གྱི་འགྲན་རྩོད་ནུས་པ་གཙོ་བོ་མཐོར་འདེགས་སུ་བཏང་།    དེའི་ཁྲོད་དུ།   དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མཉམ་བསྲེས་བྱེད་པ།   ཞིང་སྡེའི་གློག་རྡུལ་ཚོང་དོན་གསོ་སྐྱོང་བྱེད་རྒྱུ་འབུར་དུ་ཐོན་པར་བྱས་པ་དང་།   རྫོང་གཅིག་ལ་ཐོན་ལས་གཅིག་དང་སྡེ་བ་གཅིག་ལ་ཚོང་རྟགས་གཅིག་ཤུགས་ཆེན་པོས་བསྐྲུན་པ།   ཞིང་སྡེའི་ལས་སྐྲུན་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་ཞིང་སྡེའི་དྲ་ཐོག་ཉོ་སྒྲུབ་དང་གློག་རྡུལ་ཚོང་དོན་གྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་བཅད།

མ་དངུལ་ལ་གཅིག་གྱུར་འཆར་འགོད་དང་མ་དངུལ་གྱི་ལྟ་སྐུལ་དོ་དམ།   མ་རྩའི་གདེང་འཇོག་ཇེ་དྲག་ཏུ་གཏོང་བ་དང་།  ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྐང་འཛུགས་པ།    ཁུལ་ཁོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་བསྐྲུན་པ།   ཐོན་སྐྱེད་བདག་གཉེར་གཙོ་གཞི་སྟོབས་ལྡན་དུ་གཏོང་བ།   ཞིང་ལས་ཐོན་རྫས་ཁེ་ལས་ཀྱི་ཚོང་རྟགས་བསྐྲུན་པ་བཅས་བྱས་པར་མ་ཟད།    ཧུར་ཐག་གིས་དྲིལ་སྒྲོག་དང་ཁྱབ་གདལ་དུ་བཏང་སྟེ་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཤུགས་རྐྱེན་ཆེ་རུ་བཏང་།   དེར་མ་ཟད།   བྱེད་ཐབས་གསར་གཏོད་བྱས་ཏེ་འཛད་སྤྱོད་རོགས་སྐྱོར་ལ་སྐུལ་འདེད་བཏང་བ་དང་བྱེད་ཐབས་རྒྱ་བསྐྱེད་དེ་མཚོ་སྔོན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཁེབས་ཚད་ཆེ་རུ་བཏང་ལ།  སྟེགས་བུ་མཉམ་འཛུགས་བྱས་ཏེ་འཛད་སྤྱོད་རོགས་སྐྱོར་དང་གནད་ཕིགས་ཚོང་གཉེར་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་འཕེལ་རྒྱས་དང་སྤུས་འདེགས་ནུས་སྤེལ་ལ་སྔར་ལས་སྐུལ་འདེད་བཏང་།

གོ་རིམ་རྗེས་མར།   ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གྱིས་ཤར་ནུབ་རྒྱུད་རོགས་ལས་ཐད་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཚད་གཞི་ཇེ་བརྟན་དུ་གཏོང་བ།   ཕྱིར་གཏོང་རྒྱ་བསྐྱེད་པ་བཅས་ཀྱི་བྱེད་ཐབས་སྤྱོད་པ་དང་།   ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཚོང་རྟགས་མིང་གྲགས་ཅན་བསྐྲུན་པ་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ལྗང་མདོག་འཕེལ་རྒྱས་དང་ཚན་རྩལ་གསར་སྐྲུན་ཞབས་ཞུ།   ཞིང་ཕྱུགས་ལས་ཀྱི་ཚོང་གཉེར་རྣམ་པ་གསར་པ།   དེང་རབས་ཞིང་ཕྱུགས་ཐོན་རྫས་ལས་སྣོན།   དངོས་ཟོག་ཕྱིར་གཏོང་།   ཁྲོམ་རའི་ཚོང་གཉེར་བཅས་ཀྱི་མ་ལག་ཆེན་པོ་བདུན་མགྱོགས་མྱུར་གྱིས་འཛུགས་པ་དང་།     ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཇེ་ལེགས་དང་སྟོབས་ཆེར་གཏོང་བ།    ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱིས་ནུས་ཡོད་འདོན་སྤྲོད་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཁྱད་ཆོས་མངོན་གསལ་ཡིན་པ།   རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མིང་གྲགས་ཆེ་བའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུ་རེད།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།