མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཚད་གཞི་སྔར་ལས་མཐོ་བའི་ངང་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབས།
2022.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་མཇུག་ནས་སང་ལོའི་བར་དུ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། ཚད་གཞི་སྔར་ལས་མཐོ་བའི་ངང་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་མཚོན་བྱེད་རང་བཞིན་གྱི་དམག་འཐབ་བརྒྱད་བཟང་བོར་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ནམ་མཁའ་དང་ཆུ་བོ། ས་གཞི་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གཙིགས་སུ་འཛིན་པ་དང་། ཆུ་དང་མཁའ་དབུགས་ཕྱོགས་ཀྱི་འབུར་ཐོན་གནད་དོན་གཙིགས་སུ་བཟུང་ནས། ཤུགས་ཡོད་བྱེད་ཐབས་སྤྱད་དེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་སྤེལ། དེའི་ཁྲོད། ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་ཞིང་ཆེན་རིམ་པའི་ལྟ་ཞིབ་གནད་དོན་ཡར་ཞུ་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཐེངས་གཉིས་ཐད་ཀྱི་དག་ཐེར་ལེགས་བཅོས་ཀྱི་མཇུག་བསྡུ་བ། མཉམ་འབྲེལ་སྒོས་རྨ་ཆུའི་ཉེན་བརྡ་སློབ་གསོའི་བརྙན་ཐུང་དང་རྨ་ཆུའི་བརྟག་དཔྱད་གནད་དོན་ཐད་ཀྱི་དག་ཐེར་ལེགས་བཅོས་སྤེལ་བ། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རྒྱུན་ལྡན་ལྟ་ཞིབ་གནས་ཚུལ་ཡར་ཞུ་བྱ་བ་བཟང་བོར་བསྒྲུབ་པར་གཅིག་འདོམས་མཐུན་སྦྱོར་བྱེད་པ་དང་། ཉིན་རྒྱུན་གྱི་ལྟ་ཞིབ་བཀོད་གཏོང་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་ལ་དམ་དུ་དམིགས་པ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་འདུ།

གློད་སྡོམ་ཞབས་གསུམ་བཅོས་བསྒྱུར་ལ་དཔྱད་འཇོག་ཟབ་མོ་བྱས་པ་དང་། དཔྱད་འཇོག་མཆན་འགོད་ཀྱི་དྲང་ཕྱོགས་གསལ་ཕྲ་ལག་བསྟར་བྱས་ལ། གཙོ་གནད་ལས་གཞིའི་དཔྱད་འཇོག་རྒྱུ་རྐྱེན་གྱི་འགན་སྲུང་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ལས་གཞི་ཆེན་པོ་ལག་བསྟར་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། འགོ་ཁུངས་ཀྱི་འགོག་སྡོམ་ལ་ཤུགས་བསྣན་པ་དང་། མཚམས་གསུམ་དང་གསལ་ཕྲ་གཅིག་གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་འགོག་སྡོམ་ཇེ་དྲག་ཏུ་བཏང་ཞིང་། རྒྱུན་རྣམ་སྒོས་བཙོག་ཆུ་ཕྱིར་འདོན་དབང་ཆའི་རིན་སྟེར་བཀོལ་སྤྱོད་དང་ཉོ་ཚོང་སྤེལ་ལ།  རྒྱལ་ཡོངས་ཀྱི་ཐཱན་ཉོ་ཚོང་ཚོང་ར་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་མྱུར་དུ་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞི་སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་བྱས། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱས་པ་དང་། ལམ་ལུགས་ཆེས་ནན་མོ་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ལག་བསྟར་བྱེད་པར་ལྟ་ཞིབ་དང་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ལྟ་ཞིབ་དྲ་རྒྱའི་མ་ལག་འཐུས་ཚང་དུ་བཏང་ནས། མཛེས་སྡུག་ཀྲུང་གོའི་དག་གཙང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཏམ་རྒྱུད་བཟང་བོར་བཤད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་འཆར་འགོད་ལག་བསྟར་བྱས་པ་དང་། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཟང་བོ་བྱེད་པར་གཞོགས་འདེགས་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆའི་ལྟ་ཞིབ་ལ་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ། ཁྲིམས་འཛིན་ལ་ལྟ་ཞིབ་བྱེད་པའི་དྲང་ཕྱོགས་ཀྱི་གསལ་ཕྲ་ལག་བསྟར་བྱས་ཏེ། རིགས་མི་འདྲ་བའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་སྣ་ཚོགས་རྒྱུན་མཐུད་ངང་སྤེལ། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་པ་དང་། ཉེན་ཆེ་ཁྱབ་ཁོངས་གཙིགས་འཛིན་བྱས་ལ། ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱེད་ཤུགས་ཆེར་བཏང་བ་དང་། སྨན་བཅོས་ཐད་ཀྱི་གད་སྙིགས་དང་བཙོག་ཆུའི་ཁོར་ཡུག འགྱེད་འཕྲོའི་ཁོར་ཡུག་གི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས།

རིན་ཆེན་མཚོས་བསྒྱུར།