ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ནི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན་ལ། བརྗོད་དོན་ནི་དཔལ་ཡོན་ཁྲིམས་སྲུང་དང་བདེ་ལེགས་ངང་ཁྱིམ་དུ་ལོག་པ་ཞེས་པ་དེ་ཡིན། བསྟུད་མུར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གི་ལས་རོགས་ཉེན་རྟོག་པ་ཁོངས་གཏོགས་ཀྱི་ཡུལ་ཚོ་དང་གྲོང་བརྡལ། ཁེ་ལས། སློབ་གྲྭ་སོགས་སུ་སོང་ནས་དྲ་ལམ་དང་ཡུལ་དངོས་ཀྱི་རྣམ་པ་བརྒྱུད་ནས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་གི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་འགྲིམ་འགྲུལ་འགྲོ་འོང་གི་ཤེས་བྱ་བསྒྲགས་ལ། བདེ་འཇགས་དང་དཔལ་ཡོན་གྱི་འགྲོ་འོང་ལ་སྐུལ་མ་བཏང་།
བྱ་འགུལ་ཁྲོད་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་དྲ་ལམ་སློབ་ཁྲིད་བེད་སྤྱོད་བྱས་ནས་རྣམ་པ་སྣ་མང་བརྒྱུད་ནས་དྲིལ་སྒྲོག་བྱ་བ་སྤེལ་བ་དང་། མཚོ་སྔོན་འགྲིམ་འགྲུལ་རོལ་དབྱངས་རླུང་འཕྲིན་དང་མཉམ་འབྲེལ་བྱས་ནས་དྲིལ་སྒྲོག་གསལ་འདེབས་བརྙན་རིས་ཕབ་པ་དང་འབྲེལ་ཡོད་ལེ་ཚན་སྒྲུབ་པ་སོགས་བྱས་ནས་དམངས་ཡོངས་ཀྱི་འགྲིལ་འགྲུལ་བདེ་འཇགས་འདུ་ཤེས་སྔར་ལས་མཐོར་འདེགས་བཏང་། སྟོང་སྐོར་འགྲིལ་འགྲུལ་ཉེན་རྟོག་གིས་ཁོངས་གཏོགས་ས་ཁུལ་གྱི་ཉི་ཟླ་བོད་རིགས་ཡུལ་ཚོ་ཀ་ཀྲོང་སྡེ་བ་རུ་མཛེས་པའི་གྲོང་ཚོར་བསྐྱོད་པ་ཞེས་པའི་འགྲིལ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། སྦྱར་ཡིག་འགེལ་བ་དང་ཁྱབ་བརྡ་སྦྱོར་བ། ཡུལ་དངོས་སུ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་མང་ཚོགས་ལ་ལམ་གྱི་འགྲིལ་འགྲུལ་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་དང་སྒྲིག་སྲོལ། བདེ་འཇགས་ངང་རླངས་འཁོར་བསྐོར་བའི་རྒྱུན་ཤེས་དྲིལ་སྒྲོག་བྱས། མཚོ་ཤར་འགྲིལ་འགྲུལ་ཉེན་རྟོག་གིས་རྩ་འཛུགས་བྱས་ནས་མི་དམངས་ཉེན་རྟོག་པ་མེ་ཏོག་ཐང་ཆེན་དུ་སོང་ནས་འགྲིལ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ། མཚོ་བྱང་འགྲིལ་འགྲུལ་ཉེན་རྟོག་པསགྲོང་གསེབ་ཏུ་འགྲིལ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། རོང་འབྲོག་ས་ཁུལ་གྱི་འགྲིལ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་འགྲིལ་འགྲུལ་བདེ་འཇགས་འདུ་ཤེས་མཐོར་འདེགས་བཏང་། མཚོ་ལྷོ་འགྲིལ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ས་ཁུལ་གྱི་ཁ་ལོ་བའི་སློབ་གྲྭའི་སློབ་མ་རྣམས་ལ་རླངས་འཁོར་བསྐོར་བ་དང་རླངས་འཁོར་ལ་སྡོད་པའི་སྐབས་སུ་སྐྱོབ་ཐག་བཅིངས་པ་དང་། འཕྲུལ་རྟ་དང་གློག་སྒུལ་འཕྲུལ་རྟ་སྐོར་བའི་སྐབས་སུ་རྨོག་ཞྭ་གྱོན་པའི་གལ་ཆེན་རང་བཞིན་གསལ་བཤད་བྱས། མཚོ་ནུབ་འགྲིལ་འགྲུལ་ཉེན་རྟོག་པས་ཕྱི་འཚོང་དངོས་སྐྱེལ་མཁན་ལ་ལམ་གྱི་འགྲིལ་འགྲུལ་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱས། རྨ་ལྷོ་འགྲིལ་འགྲུལ་ཉེན་རྟོག་པས་འགྲིལ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཚོན་སྡེབ་དང་དཔེ་མཚོན་འགྲིལ་འགྲུལ་དོན་རྐྱེན་གྱི་གསལ་འདེབས་སློབ་གསོའི་བརྙན་རིས་ལ་བལྟ་བ་སོགས་བྱས་ནས་ཞིང་སྡེའི་རོང་འབྲོག་མང་ཚོགས་ཀྱིས་ནམ་རྒྱུན་འགྲིལ་འགྲུལ་བདེ་འཇགས་ལ་མཉམ་འཇོག་པ་དང་འགྲིལ་འགྲུལ་བདེ་འཇགས་སྒྲིག་སྲོལ་བརྩི་སྲུང་བྱེད་པར་གསལ་འདེབས་བྱས། མགོ་ལོག་འགྲིལ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ས་ཁུལ་གྱི་སློབ་གྲྭ་རུ་ཕན་ཚུན་ལག་རྡང་སྦྲེལ་བ་ཞེས་པའི་འགྲིལ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་རྒྱ་ཆེའི་སློབ་མ་རྣམས་ཀྱི་འགྲིལ་འགྲུལ་བདེ་འཇགས་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས། དཔལ་ཡོན་འདུ་ཤེས་མཐོར་འདེགས་བཏང་ནས་ཆུང་དུས་ནས་དཔལ་ཡོན་གྱི་འགྲིམ་འགྲུལ་སྤྱོད་ལམ་ཆགས་པར་བྱེད་པར་སྐུལ་མ་བཏང་།
མི་ཕམ་མགོན་པོས་བསྒྱུར།