མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ལྔའི་རྒྱལ་སྤྱིའི་དང་བླངས་ཉིན་མོའི་བརྗོད་དོན་གཙོ་བོའི་དྲ་རྒྱའི་ཐད་གཏོང་བྱ་འགུལ་སྤེལ།
2022.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་སྟེ་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོར།     ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དེ་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་།   དང་བླངས་ཞབས་ཞུ་འདེགས་སྐྱོར་དུ་བྱས་པའི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་ནན་མོ་བྱེད་པ།    རྒྱ་ཆེའི་གུང་གཞོན་ཚོགས་མི་དང་དང་བླངས་པའི་སྣེ་ཁྲིད་དེ་སྤྱི་ཚོགས་ཡོངས་སུ་སྐྱེས་འབུལ་དང་མཛའ་བརྩེ། རོགས་རེས།   ཡར་ཐོན་བཅས་ཀྱི་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གཏོང་བ།   རང་ཞིང་གི་གྲོང་ཁྱེར་དང་ཁུལ།   ལས་རིགས་སོ་སོའི་ན་གཞོན་དང་བླངས་པ་རྣམས་ཀྱིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ལང་ཚོའི་གཟི་ཉམས་གང་ལེགས་ཀྱིས་མངོན་པར་བྱེད་ཆེད།    གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་གཉིས་ཀྱིས་དྲ་རྒྱའི་རྣམ་པ་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པའི་ཟླ་བཅུ་གཉིས་པའི་ཚེས་ལྔའི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི་བརྗོད་དོན་གཙོ་བོའི་ཐད་གཏོང་བྱ་འགུལ་སྤེལ།

ཐད་གཏོང་བྱ་འགུལ་དེ་དང་བླངས་དང་ལང་ཚོ།  དང་བླངས་དང་ཕུགས་འདུན།   དང་བླངས་དང་བསྔགས་བརྗོད་བཅས་རིགས་གསུམ་དུ་བགར་ཡོད་པ་དང་།   བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་ན་གཞོན་དང་བླངས་པ་རྣམས་ཀྱིས་རང་ཞིང་གི་རིམས་ནད་འགོག་སྡོམ་དང་སྐྱེ་ཁམས་དཔལ་ཡོན།   སྤྱི་ཚོགས་བཅོས་སྐྱོང་།    དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་ཐད་བཞག་པའི་འབུར་ཐོན་བྱས་རྗེས་གཅིག་བསྡུས་ཀྱིས་མངོན་པར་བྱས་པ་དང་།    ལས་རིགས་སོ་སོའི་ན་གཞོན་དང་བླངས་པ་རྣམས་ཀྱིས་མཐོ་སྒང་དུ་ལང་ཚོ་ལེགས་སྐྱེས་སུ་ཕུལ་བའི་དུས་རབས་ཀྱི་ཁྱད་ཆོས་མཚོན་པར་བྱས་ལ།     སྤྱིར་བཏང་གི་དང་བླངས་པའི་དང་བླངས་ཞབས་ཞུའི་གཏམ་རྒྱུད་ཁྲོད་ཡང་བསྐྱར་དང་བླངས་ཞབས་ཞུའི་སྙིང་སྟོབས་འཚོལ་ཞིབ་དང་འགྲེལ་བཤད་བྱས་པར་མ་ཟད།    དང་བླངས་ཞབས་ཞུའི་སྟོབས་ཤུགས་ཉམས་སུ་མྱངས།     དེར་མ་ཟད།    ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས།   ཟི་ལིང་ཝན་ཏ་ཐང་ཆེན་སོགས་ཁེ་ལས་བརྒྱ་དང་བཅོ་ལྔ་དང་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་གུང་གཞོན་ཚོགས་པའི་ན་གཞོན་དང་བླངས་པའི་གུས་ལུགས་སྐུལ་སློང་འཆར་གཞི་འགྲེལ་སྤེལ་བྱེད་པ་སོགས་བརྒྱུད་དེ་རྒྱ་ཆེའི་གུང་གཞོན་ཚོགས་མི་དང་དང་བླངས་པ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ལང་ཚོའི་སྟོབས་ཤུགས་འབུལ་བར་སྐུལ་སློང་བྱས།

དེ་མིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གུང་གཞོན་ཚོགས་པའི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ལྔའི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི་དང་བླངས་ཞབས་ཞུ་ཟླ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པ་དང་།     ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་མི་དང་དང་བླངས་པ་རྣམས་ཀྱིས་ངས་འདི་རུ་དང་བླངས་པ་བྱེད་བཞིན་ཡོད་ཅེས་པའི་དྲ་རྒྱའི་དཔལ་ཡོན་བརྒྱུད་སྒྲོག་བྱ་འགུལ་སོགས་བྱེད་ཐབས་བརྒྱུད་དེ་དང་བླངས་སྙིང་སྟོབས་བརྒྱུད་སྒྲོག་དང་དང་བླངས་རིག་གནས་འགྲེམ་སྟོན་བྱེད་པར་འབོད་སྐུལ་བཏང་བ་དང་།  རིམས་ནད་འགོག་སྡོམ་གྱི་ཞིབ་ཕྲའི་སྲིད་ཇུས་དང་མཐུན་པའི་གནས་ཚུལ་འོག་ཏུ།   བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་།   རིམས་ནད་འགོག་སྡོམ་གྱི་འཕྲལ་བསྟུན་དང་བླངས་ཞབས་ཞུ་དང་གུང་གཞོན་གདོང་ལེན་པ་གཞིས་ཁུལ་དུ་སོང་ནས་དང་བླངས་ཞབས་ཞུ་བྱེད་པ་བཅས་ལ་དམིགས་ནས་ན་གཞོན་དང་བླངས་པའི་རུ་ཆུང་རྩ་འཛུགས་བྱས་ཏེ་གཞི་རིམ་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱེད་པ་དང་མཁར་གྲོང་གཞིས་ཁུལ་དུ་སོང་ནས་དགོས་མཁོ་དངོས་ལ་གཞིགས་ནས་གཞི་རིམ་གཞིས་ཁུལ་བཅོས་སྐྱོང་ཁྲོད་ཞུགས་པ་དང་ལས་ཐོན་སླར་གསོ་ལ་རོགས་འདེགས་བྱས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།