ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2022.12.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར།   ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།   ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀུང་ཞའོ་ཀྲུང་དང་།  མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ་ཆོས་སྐྱོང་སྲུང་མ།  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ།   དགེ་རྒན་ཆེན་མོ་ལིས་ཀོང་པེང་།    ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་སྔོན་ཆད་ཀྱི་ཡོན་ཀྲང་གཞོན་པ།  ཞིབ་འཇུག་པ་སུན་ཧྥ་ཕེང་།  མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ།  དགེ་རྒན་ཆེན་མོ་ཀའོ་ཡུང་ཧྥ།    མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཧོ་ཞ།    ཐེམ་ཆེན་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་སྲུང་མ་བཅས་སོ་སོར་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།    ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།   ཟི་ལིང་གྲོང་ཁྱེར།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཧེ་ཡན་རྫོང་།   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་པདྨ་རྫོང་། གཅིག་སྒྲིལ་རྫོང་།  ཡར་ཐང་ཡུལ་ཚོ།  དཔལ་ཡུལ་ཡུལ་ཚོ་སོགས་སུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོ་སོས་སྡེ་ཁག་དང་ལས་ཁུངས། ས་ཁུལ་སོ་སོའི་བྱ་བ་དངོས་དང་ཟུང་འབྲེལ་བྱས་པ་དང་།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་མ་ཡིག་དང་ཚོགས་ཆེན་གྱི་བརྗོད་དོན་ལ་དམ་དུ་དམིགས་པ་དང་།  འདས་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འགྱུར་ལྡོག་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན།   ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་སོགས་ཕྱོགས་ལ་དམིགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་མ་ལག་ལྡན་པའི་སྒོ་ནས་སྒྲོག་འགྲེལ་དང་རྒྱས་འགྲེལ་གཏིང་ཟབ་བྱས།   སྒྲོག་འགྲེལ་བྱེད་ས་ཞིག་ཏུ་ཐོན་མ་ཐག    ཚོགས་ཞུགས་ཏང་ཡོན་རྣམས་གྱིས་ནན་ཏན་གྱིས་ཉན་ཏེ་ཟིན་ཐོར་བཀོད་པ་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་དང་བརྗེ་རེས་གྲོས་བསྡུར་བྱས།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཞའོ་ཡན་གྱིས་བཤད་རྒྱུར།   སྒྲོག་འགྲེལ་སྙན་ཞུའི་དར་ཆ་གསལ་ཞིང་མཐོང་རྒྱ་ཆེ་བ་དང་།   ཆབ་སྲིད་མཐོ་ཚད་ཡོད་པར་མ་ཟད། གཞུང་ལུགས་ཀྱི་གཏིང་ཚད་ཀྱང་ཡོད་པས།   སྒྲོག་འགྲེལ་ལ་ཉན་རྗེས་སློབ་གསོ་དང་སྐུལ་མ་ཆེན་པོ་ཐེབས་སོང་།     ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་ཡང་དག་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་སོགས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

སྙན་ཞུ་ལ་གཟབ་ནན་གྱིས་ཉན་རྗེས།   ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཅུའུ་ཡི་ལས་བྱེད་པ་ཁྲང་རུའེ་ཧན་གྱིས་བསྟན་དོན།    ང་ཚོས་སློབ་སྦྱོང་བྱེད་པ་དང་བསམ་གཞིགས་གཏོང་བ།   ལག་བསྟར་བྱེད་པ།    རྒྱུས་ལོན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་།  སློབ་སྦྱོང་དང་བཀོལ་སྤྱོད་གཉིས་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སེམས་སུ་འཛིན་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་མོ་བྱེད་པ།   ཁེ་ལས་འབྲིང་ཆུང་དག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ།    ཁེ་ལས་ཀྱིས་ཞིབ་སྤེལ་དངུལ་གཏོང་དང་ཚད་གཞི་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་སོགས་བྱས་ཏེ་ཚུལ་སྒྱུར་རིམ་སྤོར་དང་ཚན་རྩལ་གསར་སྐྲུན་ཐད་སྔོན་དུ་བསྐྱོད་པར་འབད་བརྩོན་བྱེད་དགོས།

ཧེ་ཡན་རྫོང་མི་དམངས་ཁྲིམས་ཁང་ནུབ་མཚོ་ཁྲིམས་རའི་མགོ་གཙོ་ཉིའུ་ཧྲི་ཅེ་ཡིས་བསྟན་དོན།    གཞི་རིམ་གྱི་ཁྲིམས་དཔོན་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་བསམ་བློ་དང་འགུལ་སྐྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།  དད་མོས་ཀྱི་རྨང་གཞི་བརྟན་པོར་འཛུགས་པ།   ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་གང་ལེགས་སྒོས་སྤྱད་དེ་ཁེ་དབང་ལ་འགན་སྲུང་བྱེད་པ་དང་འགལ་བ་ཐག་གཅོད་པ་སོགས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ།   ཁྲིམས་འཛིན་དྲང་གཞག་ཡོང་བ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་བྱེད་པར་འབད་པ་བྱེད་དགོས་ཟེར།

                                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།