མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་སྒྲོག་འགྲེལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2022.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་བྱ་བའི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། གཙོ་བོར་ཏང་གི་གསར་གཏོད་གཞུང་ལུགས་ན་གཞོན་ཅན་དུ་བསྒྱུར་བའི་འགྲེལ་བཤད་ལ་དམིགས་ནས། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར། མཚོ་སྔོན་གུང་གཞོན་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་སྒྲོག་འགྲེལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཞིང་ཆེན་གྱི་ན་གཞོན་འཁྲབ་བཤད་པའི་ཁོངས་མི་དང་གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་ཐད་གཏོད་ལས་ཁུངས་དང་མཐོ་རིམ་སློབ་གླིང་། ཁེ་ལས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གདམ་མངག་བྱས་པའི་ན་གཞོན་སྒྲོག་འགྲེལ་རྐང་འཛིན་པ་སུམ་བརྒྱ་ཙམ་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་དྲ་ཐོག་སློབ་ཁྲིད་དང་ཚན་བགོས་བགྲོ་གླེང་། བརྗེ་རེས་སློབ་སྦྱོང་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་པ་དང་། དགོས་མཁོ་ལྟར་གསོ་སྦྱོང་བྱེད་པ་དང་དངོས་གཉེར་གོ་ཆོད། སྣ་མང་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ལ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དྲིལ་སྒྲོག་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་ཏང་གི་ཡིག་ཚགས་རྩོམ་སྒྲིག་པུའུ། ཀྲུང་གུང་གུང་གཞོན་ཚོགས་པའི་སློབ་གྲྭའི་སློབ་དོན་ཁྲུའུ། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་འབྲེལ་ཡོད་མགོ་ཁྲིད། ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བཅས་གདན་ཞུ་བྱས་ནས་སོ་སོར་སློབ་མ་ཚོར་ཆེད་དོན་སློབ་སྦྱོང་ཟུར་ཁྲིད་བྱས། དེ་དང་མཉམ་དུ། ན་གཞོན་སྒྲོག་འགྲེལ་རྐང་འཛིན་པ་སྒྲོག་འགྲེལ་ཚན་ཆུང་བཅུ་དགུ་རུ་བགོས་པ་དང་། ན་གཞོན་གྱི་མཐོང་ཟུར་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་གྲོས་སྡུར་བརྗེ་རེས་བྱས།

གསོ་སྦྱོང་འཛིན་གྲྭའི་སྐབས་སུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བཀོད་སྒྲིག་སྔར་ལས་བཟང་བོ་བྱས་པ་དང་། དེ་དང་མཉམ་དུ་ན་གཞོན་སྒྲོག་འགྲེལ་རྐང་འཛིན་པས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་སྟེ་སེམས་ཤུགས་ཡོད་རྒུས་སྒྲོག་འགྲེལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་ནན་མོ་བཏོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དེས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་གཅིག་བསྡུས་སྒྲོག་འགྲེལ་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བ་མཚོན་པ་དང་། རིམ་པ་སོ་སོའི་སྒྲོག་འགྲེལ་རྐང་འཛིན་པ་གཞི་རིམ་ཡུལ་དངོས་སུ་བསྐྱོད་པ་དང་། ཁྱབ་ཁོངས་སོ་སོའི་ན་གཞོན་ལོ་ཆུང་གི་ཉེ་འགྲམ་དུ་སོང་ནས། དྲ་ལམ་དང་ཡུལ་དངོས་སོགས་ཀྱི་རྣམ་པ་བརྒྱུད་དེ། སྒྲོག་འགྲེལ་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གསལ་བོ་བྱེད་པའི་ཁྲོད། ན་གཞོན་གྱི་ཁྱད་ཆོས་མངོན་པར་བྱས་པ་དང་། སྤུས་ལེགས་སྒྲོག་འགྲེལ་བྱས་ཏེ། སྒྲོག་འགྲེལ་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྒྲོག་འགྲེལ་ལས་འགན་སྤུས་ཚད་མཐོ་བའི་ངང་ཡོངས་འགྲུབ་བྱས། དེ་དང་མཉམ་དུ་ན་གཞོན་སྔར་ལས་མང་པོ་ན་གཞོན་གཞུང་ལུགས་ཀྱི་སྒྲོག་འགྲེལ་དཔུང་སྡེའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས། རང་ཞིང་གི་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་དཔུང་སྡེའི་སྟོབས་ཤུགས་རྒྱུན་མ་ཆད་པར་ཆེ་རུ་བསྐྱེད།