མཚོ་སྔོན་ཞིང་ཆེན་གྱིས་ཕན་ལྡན་བྱེད་ཐབས་སྤྱད་དེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཏང་།
2022.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། གསར་འགོད་པས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ལས་ཞུགས་སྔོན་དུ་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེར་སྐྱེད་ལ། དབང་བོ་སྐྱོན་ཅན་མི་ཚོགས་ཀྱི་ལས་ཞུགས་གཏན་འཇགས་བྱེད་པའི་བྱ་བ་བརྟན་བརླིང་ངང་བསྒྲུབས། མིག་སྔའི་བར་དུ། གྲོང་གསེབ་ཀྱི་དབང་བོ་སྐྱོན་ཅན་སྟོང་གཅིག་དང་ཉིས་བརྒྱ་གོ་གཅིག་ལས་ཞུགས་བྱས་པ་དང་། ཞིང་སྡེའི་དབང་བོ་སྐྱོན་ཅན་སྟོང་བཞི་དང་དགུ་བརྒྱ་བཞི་བཅུ་ལས་ཞུགས་བྱས་ལ། ལོ་འདིར་མཐར་ཕྱིན་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་བརྒྱ་དང་སོ་བརྒྱད་ལས་ཞུགས་བྱེད་པར་རོགས་རམ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་མཉམ་ཤུགས་གཅིག་ཏུ་བསྡུས་པ་དང་། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྒྱབ་སྐྱོར་བྱེད་ཤུགས་ལ་ཤུགས་སྣོན་པ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་སྤེལ་བ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་ཐད་རོགས་སྐྱོར་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བཀོལ་སྤྱོད་བཟང་བོ་བྱས་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་མ་ལག་ཁྲོད་བཞག་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཁ་ཕྱོགས་གཏན་ཁེལ་བྱས་ནས་དབང་བོ་སྐྱོན་ཅན་བསྡུ་ལེན་བྱེད་པའི་བྱ་བ་སྤེལ་རྒྱུའི་ཐག་བཅད། ཞིང་ཆེན་སྲིད་གཞུང་གིས་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་སྐུལ་འདེད་གཏོང་བའི༢༠༢༢ལོ་ནས༢༠༢༤ལོའི་ལག་བསྟར་ཇུས་གཞི་གཏན་འབེབས་འགྲེམ་སྤེལ་བྱས་ཏེ། ལས་འགན་གཙོ་བོ་ཉི་ཤུ་གཏན་ཁེལ་བྱས་པར་མ་ཟད་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སྲིད་གཞུང་དང་འབྲེལ་བའི་འགན་འཁྲི་སྡེ་ཁག་བཅོ་ལྔ་གཏན་ཁེལ་གསལ་བོ་བྱས་པ་དང་། ལས་ཞུགས་ཁ་གསབ་མ་དངུལ་དང་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ། ཞིང་ཆེན་རིམ་པའི་རྒྱན་ཤོག་སྤྱི་ཕན་བཀོལ་སྤྱོད་བྱེད་པའི་ཐད་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས། འབྲེལ་ཡོད་སྲིད་ཇུས་ཡིག་ཆས་བྱང་འགེལ་ངོས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་ཞབས་འདེགས་ཞུ་བའི་རྟེན་གཞི་རིགས་བཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་གཏན་ཁེལ་བྱས་པ་མ་ཟད། རིགས་མི་འདྲ་བའི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐད་མ་དངུལ་གྱི་ཁ་གསབ་འདོན་སྤྲོད་བྱས་ནས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྒྱབ་སྐྱོར་མ་ལག་ཆ་ཚང་གྲུབ་པར་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ནུས་པ་སྐྱེད་སྲིང་བྱེད་པ་ནས་ལས་ཞུགས་མངོན་འགྱུར་བྱེད་པའི་ཕྱོགས་ཡོངས་ཀྱི་རོགས་སྐྱོར་མངོན་འགྱུར་བྱས། གཅིག་བསྡུས་སྒོས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཁ་གསབ་དང་ཟུར་རོགས་རང་བཞིན་གྱི་ལས་ཞུགས་ཁ་གསབ། བསྡུར་ཚད་བརྒལ་བའི་སྒོ་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བྱ་དགའ་བཅས་བཀོད་སྒྲིག་བྱེད་པ་སོགས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམིགས་བསལ་ཁ་གསབ་བྱ་དགའི་རྣམ་གྲངས་དང་ཁ་གསབ་བྱ་དགའི་ཚད་གཞི་གཏན་ཁེལ་གསལ་བོ་བྱས་ལ། མི་བཀོལ་སྡེ་ཁག་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་དབང་བོ་སྐྱོན་ཅན་གྱི་རང་བདག་ལས་ཞུགས་ལས་སྐྲུན་ལ་བཀོད་སྒྲིག་བྱེད་པའི་ངར་སེམས་ཆེར་སྐྱེད། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་ལས་ཞུགས་ལ་འགན་སྲུང་བྱེད་པའི་བྱ་བའི་སྤྱི་ཡོངས་ཁྲོད་འཇོག་པ་དང་། ལས་ཞུགས་ཁ་གསབ་མ་དངུལ་དང་ལས་རིགས་རྩལ་ནུས་མཐོར་འདེགས་མ་དངུལ་ལ་གཅིག་འདོམས་བྱེད་པ་བརྒྱུད་དེ། དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་གསལ་འབྱེད་དང་དབང་བོ་སྐྱོན་ཅན་གྱི་ལས་སྐྲུན། དབང་བོ་སྐྱོན་ཅན་གྱི་དངོས་སྦྱོང་བྱེད་པ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ངོ་སྤྲོད་སོགས་ཐད་ཁ་གསབ་འདོན་སྤྲོད་བྱས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་ཁ་གསབ་ཚད་གཞི་དེ་སྤྱི་ཐུན་གསོ་སྦྱོང་ཁ་གསབ་ཚད་གཞི་དང་བསྡུར་ན་བརྒྱ་ཆའི་སུམ་ཅུས་ཇེ་མཐོར་བཏང་བ་དང་། དབང་བོ་སྐྱོན་ཅན་གྱི་ཁྱད་ཆོས་ལ་ཁ་གཏད་དེ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་དངོས་བཀོལ་ལག་རྩལ་གསོ་སྦྱོང་སྤེལ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་དྲ་རྒྱའི་ཞབས་ཞུ་སྟེགས་བུ་སྤྱད་དེ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཐད་རོགས་སྐྱོར་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་ཟླ་དང་རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་ལས་ཞུགས་རོགས་སྐྱོར་སོགས་ལས་ཞུགས་རོགས་སྐྱོར་བྱ་འགུལ་སྤེལ་ནས། དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་ལས་ཞུགས་ཐད་གནད་ཕིགས་རོགས་སྐྱོར་བྱས།

རིན་ཆེན་མཚོས་བསྒྱུར།