ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙིན་པོ་དང་། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ་ཆོས་སྐྱོང་སྲུང་མ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུན་ཅུན་ཞ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མགོ་གཙོ་གཞོན་པ་ལིས་ཧྥུའུ་ཁྲིན། ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་དབྱང་ཧའོ་རན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིག་ལན་ཧྭ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལན་ལིན་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་དམག་ཁུལ། གཏེར་ལེན་ཁ་གྲོང་ཁྱེར་བཅས་ལ་སོང་ནས་སྒྲོག་འགྲེལ་སྤེལ།
ཉིན་དེར། ཡུལ་དངོས་དང་དྲ་ཐོག་གི་སྤུས་ཚད་མཐོ་བའི་སྒྲོག་འགྲེལ་རབ་དང་རིམ་པ་མཉམ་དུ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་གཏོགས་སྡེ་ཁག་སོ་སོ་དང་ས་ཆ་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་གྲུབ་འབྲས་གཙོ་བོ་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་སོགས་ཕྱོགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སྒྲོག་འགྲེལ་ཆ་ཚང་དང་འགྲེལ་བཤད་ཟབ་མོ་བྱས། ཚོགས་ཞུགས་འཐུས་མིས་སྒྲོག་འགྲེལ་ལ་ཉན་ཞོར་དུ་ཟིན་བྲིས་བཏབ་པར་མ་ཟད། རང་སྟེང་གི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་དང་མཉམ་སྤྱོད་བྱས་པ་དང་། སྒྲོག་འགྲེལ་ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་།
ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་ལས་ཁུངས་ཀྱི་ཏང་ཨུའི་རིམ་པ་གསུམ་པའི་ཀྲུའུ་རིན་ཁོ་ཡོན་ལིས་ལུའུ་ཡིས། སྒྲོག་འགྲེལ་སྙན་ཞུ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཐད་སྐུལ་འདེད་དང་དཔེ་ལྟའི་དོན་སྙིང་ལྡན་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ལས་ཁུངས་སྒྲིག་ལུགས་བྱ་བའི་སྐོར་གྱི་ལས་འགན་དང་རེ་བར་དམ་དུ་དམིགས་པ། འགན་ནུས་འགན་འཁྲི་ལ་རྐང་འཛུགས་པ། དུས་རབས་གསར་བའི་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བའི་འཐབ་ཇུས་གཏན་ཁེལ་དང་ཆབ་སྲིད་ཀྱི་ཁ་ཕྱོགས། དམིགས་འབེན་གྱི་ཁྲིད་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་རྐང་འཛུགས་ས་དང་ཤུགས་འདོན་ས་འཚོལ་བ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ལམ་ལུགས་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་རིག་སྟོབས་འབུལ་དགོས་ཟེར།
གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལེང་ཅན་པོ་ཡིས་བསྟན་དོན། སློབ་གསོ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་བསམ་བློ་གསར་བ་དང་ཆོད་གཏམ་གསར་བ། ཐབས་ཇུས་གསར་བ། བཀོད་སྒྲིག་གསར་བར་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྟོབས་ཤུགས་སློབ་གསོའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་ཏུ་བསྡུ་བ། ལག་བསྟར་གྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དཔེ་དེབ་ནང་འཇོག་པ་དང་སློབ་ཁྲིད་ནང་བཀོད་སྒྲིག་བྱེད་པ་དང་། མི་སེམས་སུ་ངེས་པར་བྱེད་པ། སློབ་གསོའི་སྤུས་ཚད་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། གཏེར་ལེན་ཁའི་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཅུན་གྱིས་བསྟན་དོན། སྤྱི་ཚོགས་ཚན་རིག་གཞུང་ལུགས་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བྱེད་པ། དུས་རབས་དང་ལག་ལེན་ཐད་ཀྱི་གནད་དོན་གལ་ཆེན་ལ་ལན་ཡང་དག་འདེབས་པ། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཁ་ཕྱོགས་དང་ཁྲིད་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། དྲིལ་སྒྲོག་ཞིབ་འཇུག་དང་འགྲེལ་བཤད་བཟང་བོ་བྱས་ཏེ། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤྱི་ཚོགས་ཚན་རིག་གི་སྟོབས་ཤུགས་འབུལ་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།