ཏང་འཛུགས་ཀྱིས་ཀོས་ནན་བོད་ཀྱི་ལུག་ནག་ཐོན་ལས་འཕེལ་རྒྱས་སུ་བཏང་།
2022.12.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

ཏང་འཛུགས་ཀྱིས་ཀོས་ནན་བོད་ཀྱི་ལུག་ནག་ཐོན་ལས་འཕེལ་རྒྱས་སུ་བཏང་།

ཉེ་བའི་ལོ་འདི་འགར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་བསྐྲུན་པའི་འཐབ་ཇུས་དམིགས་འབེན་ལ་དམ་དུ་དམིགས་ཏེ། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་རྒྱུ་ཐོན་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་དུ་བྱེད་པ་རྒྱུན་འཁྱོངས་དང་། རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་ལ་དབྱེ་ཞིབ་དང་ཞིབ་འཇུག་ཟབ་མོ་བྱས་པ། ཀོས་ནན་ཡི་བོད་ཀྱི་ལུག་ནག་འཕེལ་རྒྱས་རྣམ་པར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་ནས། ཀོས་ནན་གྱི་ལུག་ནག་དེ་རྒྱལ་ཡོངས་སུ་ཁྱད་དུ་འཕགས་པའི་མཐོ་སྒང་ཁྱད་ལྡན་ཐོན་ལས་སུ་གྱུར་དེ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། བོད་ཀྱི་ལུག་ནག་གི་རྒྱུད་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་སྤྱིའི་རྣམ་པ་ལོ་རེར་ཇེ་ལེགས་སུ་སོང་ལ། ཐོན་ལས་མདུན་ལྗོངས་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་ཡོད།

ཀོས་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་བོད་ཀྱི་ལུག་ནག་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་དོན་ཆེན་གཙོ་བོ་རུ་རྩིས་ནས། ཕྱོགས་སོ་སོའི་ཐོན་ཁུངས་སྐོང་འཐེན་གང་ལེགས་བྱས་པ་དང་། ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་སྒྲུབ་པ། ཐོན་ལས་ཐོན་ཁུངས་ཀྱི་དབྱེ་ཞིབ་བརྡར་གཅོད་གྲོས་ཚོགས་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཞིབ་བསྡུར་གྲོས་ཚོགས། ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་བསྡུ་བ་སོགས་ཀྱི་རྣམ་པ་སྤྱད་དེ་ཀོས་ནན་ལུག་ནག་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཚད་མཐོའི་སྐུལ་འདེད་བཏང་། དེ་དང་མཉམ་དུ། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་སོ་སོར་བོད་ཀྱི་ལུག་ནག་གི་རྒྱུད་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་རྒྱུད་སྤེལ་བྱ་བའི་ཇུས་གཞི་དང་ཐབས་ཇུས་འཆར་འགོད་བྱས། ཀོས་ནན་བོད་ཀྱི་ལུག་ནག་གསོ་སྤེལ་ལྟེ་གནས་གསར་དུ་བཙུགས་པ་དང་། ཀོས་ནན་བོད་ཀྱི་ལུག་ནག་རྒྱུད་སྲུང་སྐྱོབ་དང་རྒྱུད་སྤེལ་མཉམ་ལས་ཁང་དང་། དཔེ་སྟོན་ཁང་ལ་ཤུགས་ཆེན་པོས་རོགས་འདེགས་བྱས་ཏེ། ཀོས་ནན་བོད་ཀྱི་ལུག་ནག་སྲུང་སྐྱོབ་དང་རྒྱུད་སྤེལ་བྱ་བའི་ཇུས་གཞི་གཏན་འབེབས་ཁྱབ་སྤེལ་བྱས་པའི་ཞོར་དུ། ཞིང་འབྲོག་མང་ཚོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ངོས་འཛིན་ཆུ་ཚད་ཐབས་རྒྱ་ཇུས་སྟོང་གིས་ཇེ་མཐོར་བཏང་ལ། ཀོས་ནན་བོད་ཀྱི་ལུག་ནག་ཚོང་རྟགས་གྲགས་ཅན་དྲ་ལམ་དང་ཡུལ་དངོས་རྣམ་པའི་ཚོང་གཉེར་བྱེད་པའི་སྟེགས་བུ་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ནས། ཀོས་ནན་བོད་ཀྱི་ལུག་ནག་ཐོན་ལས་ཀྱི་སྟོབས་དང་ལྡན་པའི་རྩ་འཛུགས་འགན་སྲུང་རྐྱེན་སྲོལ་གྲུབ་པར་བྱས་ཡོད།

                                                                                        རིག་འཛིན་སྒྲོལ་མས་བསྒྱུར།