ཉེ་ལམ། ༢༠༢༢ལོའི་ཁུ་ནུའི་ཤེས་ཡོན་པའི་འགུལ་སྐྱོད་འཆར་གཞིའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱེད་པའི་སྐོར་གྱི་བརྡ་སྦྱོར་དང་༢༠༢༢ལོའི་ཁུ་ནུའི་ཤེས་ཡོན་པའི་འགུལ་སྐྱོད་འཆར་གཞིའི་ཡར་ཞུ་ངོ་སྤྲོད་བྱ་བ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་གྱི་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས༢༠༢༢ལོའི་ཁུ་ནུའི་ཤེས་ཡོན་པ་དང་ཚན་རྩལ་སྣེ་ཁྲིད་འཇོན་མིའི་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་ཐད་ཀྱི་སྣེ་ཁྲིད་མི་སྣའི་འདེམ་བསྐོ་ཞིབ་བཤེར་བྱ་བ་སྤེལ།
རིག་གཞུང་ཚན་ཁག་གི་སྣེ་ཁྲིད་མི་སྣ་ཁུ་ནུའི་ཤེས་ཡོན་པ་དང་ཚན་རྩལ་སྣེ་ཁྲིད་འཇོན་མིའི་ཁྲོད་བཞག་རྗེས་གྲོན་དངུལ་གྱི་རྒྱབ་སྐྱོར་བྱས་ནས། རང་བདག་སྒོས་ཁ་བྱང་བདམས་ནས་ཞིབ་འཇུག་བྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། དཔུང་སྡེ་འཛུགས་སྐྲུན་བྱེད་པ། རིག་གཞུང་བརྗེ་རེས་བྱེད་པ། གྲུབ་འབྲས་ཕྱིར་སྒྲོག་བྱེད་པ། ཆེད་ཁེ་ཡར་ཞུ་བྱེད་པ། གྲུབ་འབྲས་ལེགས་བསྒྱུར་དང་འཚོ་བ་རོལ་བའི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད། དཔྱད་འདེམ་བྱ་བའི་ཐད་ནས་ཚན་རྩལ་འཇོན་མིར་རིགས་བགར་ནས་གདེང་འཇོག་བྱས་པ་དང་། རིག་གཞུང་ཚན་ཁག་གི་སྣེ་ཁྲིད་མི་སྣ་དེ་རྨང་གཞི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག ལག་རྩལ་གསར་སྤེལ། སྤྱི་ཚོགས་སྤྱི་ཕན་ཞིབ་འཇུག ཚན་རྩལ་དོ་དམ་ཞབས་ཞུ་དང་ཚོད་ལྟའི་ལག་རྩལ་བཅས་རིགས་གསུམ་དུ་བགོས་པར་མ་ཟད། སོ་སོར་གདེང་འཇོག་བྱས་ལ། དེས་ཚན་རིག་དང་མཐུན་པའི་ཚན་རྩལ་འཇོན་མིའི་རིགས་བགར་གདེང་འཇོག་རྐྱེན་སྲོལ་འཛུགས་པ་དང་། འཇོན་མིའི་གསར་གཏོད་ལས་སྐྲུན་གྱི་བརྩོན་སེམས་ཆེར་སྐྱེད་པའི་ཐད་ཕན་འདོགས་ཐུབ།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་ཐད་ཀྱི་སྣེ་ཁྲིད་མི་སྣ་སྐོར་བཅུ་དྲུག་འདེམ་བསྐོ་གཏན་ཁེལ་བྱས། ཐེངས་འདིའི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་མི་སྣའི་ཡིག་ཐོག་སྙན་ཞུ་བརྒྱུད་དེ། ཕུལ་བྱུང་འཇོན་མི་སྐོར་ཞིག་བདམས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་མཐོ་བའི་ཚན་རྩལ་འཇོན་མིའི་དཔུང་སྡེ་སྔར་ལས་སྟོབས་ལྡན་དུ་བསྒྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།