ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཡོན་སློབ་གསོ་བྱ་བའི་མ་ལག་ཅན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ནས། དམིགས་འབེན་ལས་འགན་དང་ནང་དོན་བྱེད་ཐབས། རྩ་འཛུགས་ལག་བསྟར་བཅས་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་སློབ་གསོ་བྱ་བའི་མ་ལག་ཅན་འཛུགས་སྐྲུན་ཐད་བཀོད་སྒྲིག་བྱས་པ་དང་། གཅིག་སྣོན་དྲུག་གི་སྤྱི་ཁོག་གི་སྒྲོམ་གཞི་ལ་བརྟེན་ནས་དུས་རབས་གསར་བའི་ཏང་ཡོན་སློབ་གསོ་བྱ་བའི་མ་ལག་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་མ་དཔེ་འཛུགས་སྐྲུན་བྱས།
ལག་བསྟར་ཇུས་གཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། བྱང་ཚད་མཐོར་འདེགས་གཏོང་རྒྱུ་དེ་གཙོ་གནད་དུ་བྱེད་པ། གཅིག་སྣོན་དྲུག་གི་སྤྱི་ཁོག་གི་སྒྲོམ་གཞིའི་བཀོད་སྒྲིག་ལྟར། ཏང་ཡོན་སློབ་གསོ་བྱ་བའི་མ་ལག་ཅན་འཛུགས་སྐྲུན་གྱི་འཛུགས་སྐྲུན་ལས་འགན་ཉེར་གཅིག་གཏན་ཁེལ་གསལ་བོ་བྱེད་པ། མཉམ་དུ་ཏང་ཡོན་སློབ་གསོ་བྱ་བའི་ནང་དོན་དང་བྱེད་ཐབས། ཆ་འཕྲིན་ཅན། རྨང་གཞིའི་འགན་སྲུང་། རྩ་འཛུགས་འགོ་ཁྲིད། ལམ་ལུགས་སོགས་རྒྱུ་རྐྱེན་གཙོ་བོའི་འཛུགས་སྐྲུན་དེ་རྩོལ་ནུས་འཛུགས་སྐྲུན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཆ་ཤས་ཤུགས་འདོན་ནས་སྤྱི་ཁོག་མཐོར་འདེགས་སུ་བསྒྱུར་བ། ཚན་རིག་ལྟར་ཚད་ལྡན་དུ་བསྒྱུར་བ་དང་མ་ལག་བསྡུ་རུབ། མཉམ་ལས་ཕན་མཐོའི་ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་ཏང་ཡོན་སློབ་གསོ་བྱ་བའི་རྣམ་པ་གྲུབ་པར་བྱས་ཏེ། ཏང་ཡོན་སློབ་གསོ་བྱ་བའི་སྤུས་ཚད་ཕན་འབྲས་དང་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།
ལག་བསྟར་ཇུས་གཞིའི་ནང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གྲོས་དོན་དང་པོའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཏང་ཡོན་སློབ་གསོའི་ངེས་སྦྱོང་སློབ་ཚན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བློ་རྩེ་གཅིག་བསྡུས་དང་བླ་སྲོག་བསྐྲུན་པའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་དེ་བྱེད་ཐབས་གཙོ་བོར་བརྩིས་ནས། ཆེད་དོན་འགུལ་སྐྱོད་བཅུ་སྤེལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་ཁྲིད་མ་ལག་འཛུགས་པ་དང་གཞི་རིམ་སློབ་གསོའི་ལས་འགན་སློབ་ཁྲིད་མ་ལག་དང་དཀྱིལ་སྙིང་བྱ་བར་ཞབས་འདེགས་ཞུ་བའི་སློབ་ཁྲིད་མ་ལག་ལག་བསྟར་བྱེད་པ་ནས། གཅིག་བསྡུས་སློབ་སྦྱོང་སློབ་གསོ་དང་ཉིན་རྒྱུན་རང་བཞིན་གྱི་སློབ་གསོ། གཅིག་བསྡུས་རེས་སྐོར་གསོ་སྦྱོང་། ལག་ལེན་སྦྱོང་བརྡར་གྱི་རྣམ་པ་བརྒྱུད་དེ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ནས་ཏང་ཡོན་སློབ་གསོའི་བྱེད་ཐབས་དང་ནང་དོན་མ་ལག་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན།
ལག་བསྟར་ཇུས་གཞིའི་ནང་ད་ཡོད་ཀྱི་མཚོ་སྔོན་ཏང་འཛུགས་མ་ལག་སྟེགས་བུ་མཉམ་བསྲེས་བྱེད་པ་བརྒྱུད་དེ། མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་བརྟེན་སློབ་གསོའི་སྟེགས་བུའི་རྩོལ་ནུས་ལེགས་བསྒྱུར་བྱེད་པ། སྟེགས་བུའི་དྲིལ་སྒྲོག་རྩ་འཛུགས་དང་ཏང་ཡོན་སློབ་གསོ། གཞི་རིམ་ཏང་འཛུགས་དོ་དམ་སོགས་རྩོལ་ནུས་མང་པོའི་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། སྤུས་ལེགས་ཐོན་ཁུངས་གཞི་རིམ་དང་ཏང་ཡོན་སློབ་གསོའི་ཉམས་ཞན་སར་སྤྱོད་པར་སྐུལ་འདེད་གཏོང་དགོས། དེ་དང་མཉམ་དུ། ཞིང་ཆེན་རིམ་པའི་ཏང་ཡོན་སློབ་གསོའི་དོ་དམ་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་མ་ཟད། ཏང་ཡོན་སློབ་གསོ་བྱ་བའི་གཞི་རྩའི་རྒྱུ་རྐྱེན་ལ་དམིགས་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་དང་ཏང་ཡོན་གཅིག་བསྡུས་རེས་སྐོར་གསོ་སྦྱོང་། གཡུལ་སའི་དོ་དམ་སོགས་དངོས་གཉེར་གོ་ཆོད་ཀྱི་ཆ་སྡེབས་ལམ་ལུགས་སྐོར་ཞིག་གཏན་འབེབས་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།