ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ་མཚོ་ནུབ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ས་ཡ་དྲུག་དང་འབུམ་བདུན་ཁྲི་དྲུག་ལྷག་ལ་སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ལྷག་ཐོབ།
2022.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་ཁུལ་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་མཉམ་བསྲེས་བྱས་པས་ཡུལ་སྐོར་ལས་རྣམ་སྔར་ལས་ཕུན་སུམ་ཚོགས་པར་གྱུར། གསར་འགོད་པས་མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ་ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ས་ཡ་དྲུག་དང་འབུམ་བདུན་ཁྲི་དྲུག་ལྷག་ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་སྒོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ལྷག་ཐོབ།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་ཁུལ་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་མཉམ་བསྲེས་བྱེད་ཆེད། མཚོ་ནུབ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་ཁུལ་འཛུགས་སྐྲུན་བྱེད་པར་རྟོག་ཞིབ་བྱས་ཤིང་། ས་གནས་སོ་སོའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པ་དང་། ལེགས་ཞིབ་ཅན་དང་སྐྱེ་ཁམས་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ལ། གནད་ལ་འཁེལ་བའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་གཏན་འཁེལ་བྱས་ནས། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་གཅིག་གྱུར་སྒོས་སྲུང་སྐྱོབ་དང་འཆར་འགོད། གསར་སྤེལ། ཚོང་གཉེར་བཅས་བྱས་པ་དང་། ཡུལ་བབ་དང་བསྟུན་པའི་ཁྱད་པར་ཅན་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ནས་ཕན་འབྲས་བཟང་བོ་བླངས།

                                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།